ཁུལ་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-15   རྩོམ་ཁུངས།   

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་11ཉིན་གྱི་སྔ་དྲོར་ཁུལ་ཡོངས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་དེ་ཁུལ་ཨུའི་སྙན་ཞུ་ཚོམས་ཆེན་དུ་འཚོགས་པ་རེད།  ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཝང་དབྱི་ཀྲི་ཡིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ། རྒྱལ་ཡོངས་ཀྱི་བོད་ཁུལ་མཛེས་ཤོས་སུ་སྐྲུན་པ། རྒྱལ་ཡོངས་ཀྱི་བོད་ཁུལ་ལས་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བཅས་བྱ་ཆེད་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཞིང་ཨུའི་མཛུབ་ཁྲིད་ཚོ་ཆུང་བཅོ་ལྔ་པའི་ཙུའུ་ཀྲང་ཐང་པིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཞིང་ཆེན་ཏང་ཨུའི་མཛུབ་སྟོན་ཚོ་ཆུང་གི་ཚན་གཙོ་གཞོན་པ་ལི་ཅང་དང་ཞིང་ཆེན་ཏང་ཨུའི་མཛུབ་སྟོན་ཚོ་ཆུང་བཅོ་ལྔ་བའི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་རེད།      རང་ཁུལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཉམས་མྱོང་དང་བྱེད་ཐབས་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ནས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུར་སྐུལ་སློང་བྱས་ཏེ་ཡུན་ནན་བོད་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་དགོས་པའི་སྐུལ་སློང་གནང་བ་རེད།  

    ཝང་དབྱི་ཀྲིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་བརྒྱུད་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློ་ཆབ་སྲིད་ལ་སྦྱོང་བརྡར་ཐེབས་པ་དང་སྦྱོང་བརྡར་ཐེབས་ཏེ་ལས་སྒྲུབ་ལས་གཏོད་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་འཕེལ་བ་དང་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཐེབས་ཡོད། བརྗོད་དོན་གཙོ་བོའི་སློབ་གསོར་ཕྱོགས་དྲུག་ཐད་ཀྱི་ཕན་འབྲས་ཐོབ་པ་སྟེ།  གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ངོས་འཛིན་དང་ཤེས་རྟོགས་གཏིང་ཟབ་ཏུ་བཏང་ཡོད། གཉིས་ནི་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ཇེ་དྲག་ཏུ་བཏང་ཡོད།   གསུམ་ནི་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་དང་འགན་འཁུར་ཕོད་པའི་སྙིང་སྟོབས་ལ་སྐུལ་སློང་བྱས་ཡོད། བཞི་ནི་ཏང་ཡོན་ལས་བྱེད་པའི་དམིགས་ཡུལ་གྱི་འདུ་ཤེས་དང་དམངས་ལ་བཅངས་པའི་བརྩེ་སེམས་ཇེ་དྲག་ཏུ་བཏང་ཡོད། ལྔ་ནི་ཁུལ་ཡོངས་ཀྱི་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་གསོ་སྐྱོང་བྱས་ཡོད། དྲུག་ནི་ཏང་གིས་ཡུན་ནན་བོད་ཁུལ་དུ་སྲིད་སྐྱོང་བའི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད། 

    ཝང་དབྱི་ཀྲི་ཡིས་ཀྲུང་དབྱང་དང་ཞིང་ཨུའི་བླང་བྱ་དང་། མི་དམངས་མང་ཚོགས་ཀྱི་རེ་འདུན་དང་འཕེལ་རྒྱས་ཀྱི་དགོས་མཁོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུ་དེ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་རྒྱུན་གཏན་གྱི་ཞིབ་འཇུག་བྱ་གཞི། ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ནས་དམ་འཛིན་ལྷོད་མེད་བྱས་ཏེ་ཏང་གི་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་གཏིང་ཟབ་དང་སྲ་བརྟན་དུ་གཏོང་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་བློ་སྟོབས་དང་གྲི་ཁ་ནང་ལ་ཕྱོགས་པའི་རང་རྟོགས་ལ་བརྟེན་ནས་ཆེད་དོན་བཅོས་སྒྲིག་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས། རྩ་བ་དོ་དམ་དང་། ཕུགས་ལ་ཕན་པ། ཕན་འབྲས་དངོས་ལ་མཐོང་ཆེན་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་བོད་ཁུལ་གྱི་ལྟེ་བའི་ལས་དོན་མཉམ་དུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། 

ཐང་པིང་གིས་བདེ་ཆེན་ཁུལ་ཨུའི་འགྱུར་མེད་འགོ་ཁྲིད་དང་གོང་འོག་ཚང་མའི་འབད་བརྩོན་འོག རང་ཁུལ་གྱིས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཟབ་མོ་གནང་ཞིང་།      གོམ་སྟབས་རྗེས་མར་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་རྗེས་ཕྱོགས་ཀྱི་ལས་ཀ་ལེགས་པར་སྒྲུབ་དགོས་ཞེས་གསུངས་པ་རེད།    གཅིག་ནས་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། གཉིས་ནས་དག་ཐེར་ཡོ་བསྲང་དོན་འཁྱོལ་མགོ་མཇུག་ཡོད་པར་དམ་འཛིན་བྱས་ཏེ། གནད་དོན་ཐག་གཅོད་བྱས་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། གསུམ་ནས་ལམ་ལུགས་བཙུགས་ཏེ་ཏང་ཡོན་གྱི་ཐོག་མའི་བསམ་འདུན་ནམ་ཡང་མི་ཉམས་པ་དང་འགན་འཁྲི་འཁུར་ཕོད་པ་བྱེད་དགོས། བཞི་ནས་གྲུབ་འབྲས་གཞན་སྒྱུར་ལ་དམ་འཛིན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་དངོས་ཡོད་ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། 

ཁུལ་རིམ་པའི་ཚན་ཁག་བཞིའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་།  ཁུལ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཚོགས་འདུར་ཕེབས་ཡོད།   ཁུལ་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་། ཁུལ་ཨུའི་སྐོར་སྐྱོད་མཛུབ་ཁྲིད་ཚོ་ཆུང་ཁག་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པ། ཁུལ་ཐད་གཏོགས་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་ཏང་ཨུའི(ཏང་ཙུའུ)འགན་འཁུར་བ། རྫོང(གྲོང་ཁྱེར)གསུམ་དང་གསར་སྤེལ་ཁུལ་ཏང་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་དང་གཞུང་ལས་ཁང་གི་ཀྲུའུ་རེན། ཁུལ་ཨུའི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།