རི་བོ་སྐུ་བླའི་རྒྱལ་སྤྱིའི་གངས་འཛེག་དང་རོལ་དབྱངས་དུས་སྟོན་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

    ཉེ་ཆར། རི་བོ་སྐུ་བླའི་མཛེས་ལྗོངས་གྲགས་ཅན་དོ་དམ་ཅུས་དང་ཁུལ་རིག་གནས་ལུས་རྩལ་དང་ལྗོངས་སྐོར་ཅུས། སི་ཁྲོན་ལྗོངས་སྐོར་སློབ་གླིང་། རྔ་ཁུལ་གཟི་རྩ་ཆེན་པོའི་ལྗོངས་སྐོར་ཚོགས་པའི་རི་བོ་སྐུ་བླའི་ལྟ་སྐོར་ཡན་ལག་ཀུང་སི་བཅས་ཀྱིས་སྒྲུབ་གཙོ་བྱས་པ་དང་། སི་ཁྲོན་ཞིང་ཆེན་སྤྲོ་གསེང་ལུས་རྩལ་ཚན་རིག་སློབ་གླིང་སོགས་སྡེ་ཁག་གིས་སྒྲུབ་འགན་ཁུར་བའི་སྐབས་བཅུ་གཅིག་པའི་རི་བོ་སྐུ་བླའི་རྒྱལ་སྤྱིའི་གངས་འཛེག་དུས་སྟོན་དང་མཐོ་སྒང་གངས་འཁྱག་རོལ་དབྱངས་དུས་སྟོན་རི་བོ་སྐུ་བླའི་མཛེས་ལྗོངས་ཀྱི་ཧྲོང་ཆའོ་ལུང་བར་འཚོགས།

    ཐེངས་འདིའི་བྱེད་སྒོ་ལས་གངས་འཁྱག་ལུས་རྩལ་དང་རོལ་དབྱངས་གཉིས་མཉམ་འདྲེས་ལེགས་པོ་བྱས་ནས་རི་བོ་སྐུ་བླའི་གངས་འཁྱག་ལུས་རྩལ་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།

    མཚམས་སྦྱོར་བྱས་པ་ལྟར་ན། ཧྲོང་ཆའོ་ལུང་བར་མཚོ་ངོས་ལས་མཐོ་ཚད་སྨི་5000ལྷག་ཡོད་པའི་གངས་རི་10དང་རང་བྱུང་འཁྱགས་ལྡེབས་100ལྷག་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་གངས་འཛེག་ལ་དགའ་མཁན་དང་ཕྱི་རོལ་གྱི་ལུས་རྩལ་ལ་དགའ་མཁན་མང་་བོའི་ཡིད་དབང་བཀུག་ཡོད།