བདེ་ཆེན་ནི་ད་ལོའི་རེ་སྒུག་བྱེད་རིན་ཆེ་ཤོས་ལྡན་པའི་ཡུལ་སྐོར་བྱ་ཡུལ་དུ་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་སྔོན།  གང་དུ་འགྲོ་དྲ་བས་2020ལོར་རེ་སྒུག་བྱེད་རིན་ཆེ་ཤོས་ལྡན་པའི་ཡུལ་སྐོར་བྱ་ཡུལ་ཁྱབ་བསྒྲགས་བྱས་པ་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་དེའི་ནང་དུ་ཚུད་དེ་ད་ལོའི་རེ་སྒུག་བྱེད་རིན་ཆེ་ཤོས་ལྡན་པའི་ཡུལ་སྐོར་བྱ་ཡུལ་དུ་འགྱུར།

        བདེ་ཆེན་ཞེས་པ་ནི་བདེ་བ་ཆེན་པོའི་དོན་ཡིན་ལ།  ས་ཆ་འདིར་གཟི་བརྗིད་ལྡན་པའི་གངས་རི་དང་། གཡང་གཟར་གྱི་གྲོག་རོང་།  དྭངས་གསལ་མེ་ལོང་ལྟར་ཐར་ཐོར་དུ་ཆགས་པའི་མཚོ་དང་མཚེའུ། མཐའ་ཡས་པའི་གདོད་མའི་ནགས་ཚལ།  རྩ་ཆེན་གྱི་སྲོག་ཆགས་དང་རྩི་ཤིང་སོགས་ཡོད།

        དཔྱིད་ཀ་དང་དབྱང་ཁ་སླེབས་དུས། བདེ་ཆེན་ནི་མེ་ཏོག་གི་འཇིག་རྟེན་དུ་འགྱུར་ལ། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་པད་མ་རི་བོ། ཡང་ཐང་སོགས་སུ་སྟག་མའི་མེ་ཏོག་སྣ་ཚོགས་རབ་ཏུ་བཞད།

        སྟོན་ཁའི་བདེ་ཆེན་ལ་ངོ་མཚར་ཅན་གྱི་ཁ་བ་དཀར་པོ་དང་རྣམ་པར་བཀྲ་བའི་རེ་ལྕག་མེ་ཏོག   གསེར་མདོག་གི་སྤང་ཐང་།  ག་ས་གང་དུ་ལོ་ལེགས་ཀྱི་སྤྲོ་སྣང་ཁེངས་པས་རང་བྱུང་ཡུལ་ལྗོངས་དང་མི་ཆོས་ཡུལ་ལྗོངས་ཀུན་ལྟ་ན་སྡུག

        དགུན་དུས་ཀྱི་བདེ་ཆེན་དུ་གླེགས་བམ་རྦབ་ཆུ་དྭངས་གཙང་ལྷིང་འཇགས་ལྡན་པ་དང་མེ་ལོང་འཁྱགས་རོང་གནའ་ཉམས་ལྡན་ཞིང་ངོ་མཚར་ཆེ། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་བྱིས་སྒྲུང་ནང་གི་འཇིག་རྟེན་བཞིན་ལྷིང་འཇགས་ལྡན། ནགས་ཕག་མཚོ་ཁར་འདབ་ཆགས་སྣ་ཚོགས་ལྷན་དུ་འཛོམས་ནས་སྤང་ཐང་ལ་སྐྱེ་སྟོབས་འབར།  དགའ་ལྡན་སུམ་རྩེན་གླིང་ཁྱད་དུ་འཕགས་ལ་བརྗིད་ཆགས་མཛེས་སྡུག་ལྡན།

        དབྱར་དགུན་སྟོན་དཔྱིད་དུས་ཚིགས་བཞིའི་བདེ་ཆེན་ལ་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཡོད་ལ།  ཁྱེད་ཀྱིས་དུས་ཚིགས་ནམ་ཞིག་ཏུ་ཡོང་ནའང་མཛེས་པར་ལོངས་སུ་སྤྱོད་ཐུབ་ངེས་ཡིན།