གློག་བརྙན་《གེ་སར་འཆམ》བདེ་བླག་ངང་བསྟན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-07   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་1ཚེས་5ཉིན། “གློག་བརྙན་《གེ་སར་འཆམ》བདེ་བླག་ངང་བསྟན་པ་ནི་གེ་སར་རིག་གནས་སྔོག་འདོན་དང་། རྒྱུད་འཛིན། སྲུང་སྐྱོང་། དར་སྤེལ། དྲིལ་བསྒྲགས་བཅས་ཀྱི་ལས་ཀ་དུས་རིམ་གསར་པ་ཞིག་ལ་སླེབས་པ་མཚོན་ཞིང་། གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་སྤེལ་གཏོང་བ་དང་། མ་འོངས་པར་གེ་སར་རིག་གནས་སྲུང་སྐྱོང་དང་། རྒྱུད་འཛིན། དར་སྤེལ་བཅས་ལ་ནུས་ཤུགས་གསར་པ་འདོན་ཐུབ”ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་བཅས་ཡིན་པའི་རྡོ་རྗེ་རྒྱ་མཚོས་དེ་ལྟར་བཤད།

        མགོ་ལོག་ཁུལ་དར་ལག་རྫོང་གི་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་འཁྲབ་ཁྲིད་པ་རྒྱ་ཤུལ་དུང་ཁྱུང་གིས་གསར་དུ་འཁྲབ་ཁྲིད་བྱས་པའི་མགོ་ལོག་གི་གློག་བརྙན་《གེ་སར་འཆམ》ཉེ་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧའེ་ཧུའུ་སྡོད་ཁུལ་གསར་པའི་ཝན་ཏ་གློག་བརྙན་ཁང་དུ་ཐོག་མར་བསྟན་པ་རེད།

        མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གེ་སར་རིག་གནས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་དང་། དེ་ལ་“ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཡུལ”ཞེས་མཚན་སྙན་ཐོབ་ཡོད་ཅིང་། ཀྲུང་གོའི་གེ་སར་རིག་གནས་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པ་དང་། མཚོན་སྟངས་ལ་ཁྱད་ཆོས་ལྡན་པ། རིག་གནས་ཁྱད་ཆོས་འཐུས་སྒོ་ཚང་བ། སྒྲུང་བའི་རྒྱུད་འཛིན་པ་ཆེས་མང་བ། ཤུགས་རྐྱེན་ཐེབས་ཚད་གཞི་རྒྱ་ཆེ་བ་བཅས་ཡིན་པའི་ས་ཁུལ་ཞིག་ཡིན།

        རྡོ་རྗེ་རྒྱ་མཚོས་བསྟན་དོན། གློག་བརྙན་《གེ་སར་འཆམ》བདེ་བླག་ངང་བསྟན་པ་ནི་གེ་སར་རིག་གནས་སྔོག་འདོན་དང་། རྒྱུད་འཛིན། སྲུང་སྐྱོང་། དར་སྤེལ། དྲིལ་བསྒྲགས་བཅས་ཀྱི་ལས་ཀ་དུས་རིམ་གསར་པ་ཞིག་ལ་སླེབས་པ་མཚོན་ཞིང་། གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་སྤེལ་གཏོང་བ་དང་། མ་འོངས་པར་གེ་སར་རིག་གནས་སྲུང་སྐྱོང་དང་། རྒྱུད་འཛིན། དར་སྤེལ་བཅས་ལ་ནུས་ཤུགས་གསར་པ་འདོན་ཐུབ་ཅིང་། དུས་མཚུངས་སུ། གེ་སར་རིག་གནས་སྲུང་སྐྱོང་གསར་གཏོད་རྣམ་པ་སྔར་བས་མང་པོ་འབྱུང་བར་སྐུལ་འདེད་བྱས་པ་དང་། སྔར་བས་མི་མང་པོས་མགོ་ལོག་ལ་དོ་ཁུར་དང་། གེ་སར་རིག་གནས་ལ་དོ་ཁུར། གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ལས་དོན་ལ་དོ་ཁུར་བྱེད་དུ་བཅུག་ཡོད་ཟེར།