སེམས་ཀྱི་ཉི་ཟླའི་ཁ་བའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་འགོར་ཁ་བ་འཐུག་ན། འབྲུ་མཛོད་སྔས་སུ་བྱས་ཆོག་ཞེས་པའི་རྒྱའི་གཏམ་དཔེ་བཞིན་ནམ་ལོ་གསར་བ་བསུས་མ་ཐག་བདེ་ཆེན་མཐོ་སྒང་དུ་དངུལ་དཀར་གྱི་ཁ་བ་བབས་བྱུང་ལ། མཐོ་སྒང་འདིར་དམིགས་བསལ་གྱིས་ཡོད་པའི་ཁ་བའི་མཛེས་ལྗོངས་འདི་ས་གནས་མང་ཚོགས་ལ་ཆེད་དུ་ཕུལ་བའི་ལོ་གསར་གྱི་ལེགས་སྐྱེས་ཤིག་དང་འདྲ་ལ། རྟེན་འབྲེལ་གྱི་ཁ་བ་འདི་ཡང་ང་ཚོའི་ཆེད་དུ་བབས་བྱུང་བ་འདྲ།

སུམ་རྩེན་གླིང་དགོན་པ།

ཤམ་བྷ་ལ་སྤྱི་གླིང་།

        ཁ་བ་བབས་རྗེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡོད་པའི་རྡོ་མཁར་རྫོང་དང་ཀླུ་ཆུ་སྤྱི་གླིང་། ཤམ་བྷ་ལ་སྤྱི་གླིང་སོགས་སུ་དུས་རྒྱུན་མཐོང་མི་ཐུབ་པའི་མཛེས་པ་ཞིག་ཡོད་ལ། ཁ་བ་འཕྱག་བཞིན་པའི་གྲོང་མི་དང་ཁོ་ཚོའི་ལབ་མོའི་ཁྲོད་མཆེད་ཡོང་བའི་དགོད་སྒྲ་རིང་བོ། དེ་མིན་ཁ་རྩེད་ལ་རོལ་བའི་ཡུལ་སྐོར་བ་ཚོའི་མཛུམ་མདངས་སོགས་ཁ་རྗེས་ཀྱི་མཛེས་ལྗོངས་གཞན་ཞིག་ཡིན་ལ། འདི་ཡང་རྟེན་འབྲེལ་གྱི་ལོ་འགོའི་ཁ་བས་ང་ཚོར་སྐྱེལ་ཡོང་བའི་བདེ་སྐྱིད་ཐེངས་ཤིག་ཡིན།

རྡོ་མཁར་རྫོང་།

ཀླུ་ཆུ་སྤྱི་གླིང་།

        ཉིན་གུང་གི་དུས་སུ། མཚམས་རེར་ཁ་བའི་འདབ་མ་ལྷུང་ལ། མཚམས་རེར་ཁ་རྗེས་ཉི་མ་དྲོ་བས། སྐད་གཅིག་དེར་ངའི་སེམས་སུ་རྒྱལ་ཐང་ལུང་བ་འདིར་ཡོད་པའི་མཚན་སྙན་གཞན་ཞིག་སྟེ། མི་ཡུལ་གྱི་ཤམ་བྷ་ལ་ཞེས་པ་དེ་ཡིད་དབང་མེད་དྲན་བྱུང་།

ཁ་བ་འཕྱག་བཞིན་པའི་གཙང་སྦྲ་བ།

ཁ་རྩེད་ལ་རོལ་བའི་ཡུལ་སྐོར་བ།