གངས་ཧ་ཅང་ཆེན་པོ་འབབ་པའི་མཐིང་མདོག་སྔོན་བརྡ་མུ་མཐུད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-06   རྩོམ་ཁུངས།    མི་དམངས་དྲ་བ།

        ཟླ་1ཚེས་6ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས་6ཉིན་གྱི་ཆུ་ཚོད་6པའི་ཐོག་མུ་མཐུད་གངས་ཧ་ཅང་ཆེན་པོ་འབབ་པའི་མཐིང་མདོག་སྔོན་བརྡ་བཏང་ཡོད། སྔོན་དཔག་བྱས་ན། ཟླ་1ཚེས་6ཉིན་གྱི་ཆུ་ཚོད་8པ་ནས་ཚེས་7ཉིན་གྱི་ཆུ་ཚོད་8པ་བར། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ལྷོ་ནུབ་རྒྱུད། ཧྲའན་ཞི་ཡི་ལྷོ་རྒྱུད། ཧྲན་ཞི་ཡི་ལྷོ་རྒྱུད། ཧོ་ནན་གྱི་དབུས་བྱང་རྒྱུད། ཧུའུ་པེ་ཡི་ནུབ་བྱང་རྒྱུད་སོགས་སུ་གངས་ཆེན་པོ་འབབ་རྒྱུ་དང་། དེའི་ཁྲོད་ཆི་ལན་རི་ཁུལ་དང་། ཧོ་ནན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་གངས་ཧ་ཅང་ཆེན་པོ་(ཧོ་སྨི་10~18)བར་འབབ་རྒྱུ་ཡིན་པ་རེད། གོང་གི་ས་ཁུལ་དུ་ཁ་བ་གསར་པའི་གཏིང་ཚད་ལི་སྨི་4~8བར་ཟིན་རྒྱུ་དང་ས་ཁུལ་ཁ་ཤས་སུ་ལི་སྨི་12ཡན་ཟིན་རྒྱུ་ཡིན་པ་རེད།