ནགས་སྐེ་རགས་ཆོས་རྫོང་གི་གཏེར་ཆོས་བསྐྱར་གསོ་གྲུབ་འབྲས་འགྲེམ་སྟོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-01-02   རྩོམ་ཁུངས།    སེམས་ཀྱི་ཉིུ་ཟྒའི་བོད་ཡིག་དྲ་བ།

    2019ལོའི་ཟླ་12པའི་ཚེས་30ཉིན་གྱི་ཕྱི་དྲོར། བདེ་ཆེན་ཁུལ་ནགས་སྐེ་རགས་ཆོས་རྫོང་གི་གཏེར་ཆོས་བསྐྱར་གསོ་གྲུབ་འབྲས་འགྲེམ་སྟོན་བྱེད་པའི་འགོ་ཚུགས་མཛད་སྒོ་དེ་བདེ་ཆེན་ཁུལ་དཔེ་མཛོད་ཁང་དུ་སྤེལ། ཐེངས་འདིའི་གཏེར་ཆོས་བསྐྱར་གསོ་འགྲེམ་སྟོན་དུ་གཙོ་བོ་2010ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་ནགས་སྐེ་རགས་གྲོང་ཚོའི་ཆོས་རྫོང་ནང་རྙེད་པའི་གཏེར་ཆོས་ཀྱི་བསྐྱར་གསོ་གྲུབ་འབྲས་འགྲེམ་སྟོན་བྱས་པ་རེད། 


      ངོ་སྤྲོད་བྱས་པ་ལྟར་ན། ནགས་སྐེ་རགས་ཆོས་རྫོང་ནང་རྙེད་པའི་གཏེར་ཆོས་ཁྲོད། རྙིང་མ་པའི་གྲྭ་བའི་ཆོས་ཡིག་དང་རྩིས་ཐོ་ཁག་གཅིག་ཡོད་པ་མ་གཏོགས། གཞན་ཀུན་ནི་བཀའ་འགྱུར་གྱི་ནང་དོན་ཡིན། གཏེར་ཆོས་དེ་དག་ནི་རིག་གནས་ཀྱི་ནོར་བུ་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་དང་རྒྱའི་རིག་གནས་ཇ་རྟ་འདྲེན་ལམ་ཐོག་སྤེལ་རེས་དང་མཉམ་འདྲེས། རིམ་འགྱུར་གྱི་བདེན་དཔང་ནུས་ལྡན་ཡང་ཡིན་པ་རེད།

      ནགས་སྐེ་རགས་ཆོས་རྫོང་གི་གཏེར་ཆོས་བསྐྱར་གསོ་གྲུབ་འབྲས་འགྲེམ་སྟོན་ནི་2020ལོའི་ཟླ་1པོའི་ཚེས་1ཉིན་ནས་2020ལོའི་ཟླ་2པའི་ཚེས་19ཉིན་གྱི་བར་བདེ་ཆེན་ཁུལ་དངོས་མང་བཤམས་སྟོན་ཁང་གི་ཉིས་ཐོག་ཏུ་འགྲེམ་སྟོན་བྱ་རྒྱུ་ཡིན་པ་དང་། སྔོག་འཚོལ་ཕལ་ཆེར་ལོ་བཅུ་བྱེད་པའི་ནགས་སྐེ་རགས་ཆོས་རྫོང་གི་གཏེར་ཆོས་བསྐྱར་གསོ་ལོ་ལྔ་བྱས་པའི་གྲུབ་འབྲས་འགྲེམ་རྒྱུ་ཡིན། འགྲེམ་སྟོན་ཐོག་སྔོག་འཚོལ་ནས་ལག་རྩལ། གྲུབ་འབྲས།  རྒྱུད་འཛིན་སོགས་ཀྱི་ཐད་ནས་ཕུན་སུམ་ཚོགས་པའི་པར་དང་ཡི་གེ   བརྙན་ཐུང་སོགས་ཀྱི་ཚུལ་ནས་མངོན་རྒྱུ་རེད།

ཆོས་རྫོང་ནང་གི་ཞལ་འདོན།