འཛམ་གླིང་ཡང་རྩེའི་ཡང་རྩེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-31   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་12ཚེས་30ཉིན། མངའ་རིས་ས་ཁུལ་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་དང་། བོད་རང་སྐྱོང་ལྗོངས་ཀྱི་ནུབ་ཕྱོགས་སུ་ཡོད་ཅིང་། “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་པའི་མཚན་སྙན་ཐོབ་ཡོད། རྒྱ་མཚོའི་ངོས་ལས་ཆ་སྙོམས་ཀྱི་ས་བབས་མཐོ་ཚད་ལ་སྨི་4500ཡན་ཡོད་ཅིང་། དགུན་དུས་དྲོད་ཚད་ཆེས་དམའ་བ་ནི་ཀོར་ཐིག་འོག་གི་ཏུའུ་30ཙམ་ཟིན་ཞིང་། བོད་ལྗོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བ་དང་། གྲང་ངར་ཆེ་ཤོས་ཀྱི་ས་ཁུལ་ཅིག་ཡིན། ཟླ་12པའི་ཟླ་མཇུག་ཏུ། མངའ་རིས་ས་ཁུལ་ནི་དགུན་གཞུང་ལ་སླེབས་ཤིང་། གངས་རི་དང་། བླ་མཚོ། ནོར་གནག རྐྱང་སོགས་ཀྱིས་གྲང་ངར་ཆེ་བའི་མཐོ་སྒང་འདི་རུ་མཚར་སྡུག་གི་དགུན་ལྗོངས་ཀྱི་རྣམ་པ་ཞིག་གྲུབ་པས། མཐོང་བ་ཙམ་གྱིས་སྐྱིད་སྣང་ཞིག་སྟེར།