དེ་རིང་བདེ་ཆེན་གྱི་མྱུར་བགྲོད་གཞུང་ལམ་དང་པོ་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དེ་རིང་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་ཡང་ཐང་བར་གྱི་ལམ་དུམ་ལེགས་འགྲུབ་བྱུང་བ་དང་།དེས་བདེ་ཆེན་མཐོ་སྒང་གིས་མྱུར་བགྲོད་གཞུང་ལམ་དང་པོ་བསུ་བའི་གོམ་སྟབས་ཇེ་ཉེ་རུ་སོང་བ་མཚོན་པར་བྱས་ཡོད། 

    སེམས་ཀྱི་ཉི་ཟླ་ནས་ཡང་ཐང་བར་གྱི་ལམ་དུམ་ལ་སྤྱི་ལེ24ཡོད་པ་དང་།ཆ་སྙོམས་བྱས་ན་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་3280ཡོད་ལ།ཕུག་ལམ2དང་ཟམ་པ་21ཡོད་པ་དེ་ནི་ཡུན་ནན་གྱི་མིག་སྔར་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་པ་རེད། 

    སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་140.305ཡོད་པ་དང་།འདིའི་ཁྲོད་དུ་ལམ་ཐིག་གཙོ་བོའི་རིང་ཚད་ལ་སྤྱི་ལེ124.55ཡོད་པ་རེད།ལམ་དུམ་གཙོ་བོའི་ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ80ཡིན་པ་དང་།ལམ་གྱི་ཞིང་ཚད་ལ་སྨི་24.5ཡོད་པ་རེད།ལམ་ཐིག་གཙོ་བོའི་ཐོག་ཁྱོན་བསྡོམས་ཟམ་པ་119དང་ཕུག་ལམ་23ཡོད་ལ།ལམ་ཐིག་ཧྲིལ་བོའི་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་ནི་54.73%ཟིན་པ།ལམ་བརྒྱུད་དུ་ས་བབ་མཐོ་བ་དང་།ཧེ་བག་ཆེ་བ།ས་ཡོམ་དྲག་ཚད་མཐོ་བ།ས་བབ་དང་ས་གཤིས་རྙོག་འཛིང་ཆེ་བ།སྐྱེ་ཁམས་ཁོར་ཡུག་ཞན་པ་སོགས་ཀྱི་ཁྱད་ཆོས་དང་དཀའ་གནད་གནས་པ་རེད། 

    སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ནང་དང་ཡུན་ནན་བོད་ཁུལ་བར་སྦྲེལ་མཐུད་བྱེད་པའི་དུས་རབས་ཀྱི་དོན་སྙིང་ལྡན་པའི་ཆབ་སྲིད་ལམ་ཐིག་དང་དཔལ་འབྱོར་ལམ་ཐིག རིག་གནས་ལམ་ཐིག ཡུལ་སྐོར་ལམ་ཐིག བདེ་སྐྱིད་ཀྱི་ལམ་ཐིག་བཅས་ཡིན་ལ། ལམ་ཐིག་ཡོངས་ཤར་གཏོང་བྱས་པ་དེ་བདེ་ཆེན་མཐོ་སྒང་གི་དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་བཏང་ནས། མི་རིགས་ཁག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་ཡོང་བར་བྱས་ཏེ། བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་དང་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་ཡོད།