དགུན་དུས་ཀྱི་བཟའ་བཅའི་མཛུབ་སྟོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-30   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        ༡ དུས་ཐོག་གི་ཤིང་ཏོག་མང་ཙམ་ཟ་བ། དེ་ལ་སྟོན་ལི་དང་ཀུ་ཤུ། རྒུན་འབྲུམ། ཚ་ལི་མ། རྒྱ་སིལ།སྐྱུར་རྩི་ཆེན་པོ་སོགས་འདུ།

        ༢ མེ་ཏོག་ལུག་མིག་གི་ཇ་མང་ཙམ་འཐུང་བ། མེ་ཏོག་ལུག་མིག་གིས་མིག་གསལ་བར་བྱེད་ལ་གློ་གསོ་བར་བྱེད། ལུག་མིག་དཀར་པོས་གློ་བ་གསོ་བར་བྱེད་པ་དང་། ལུག་མིག་སེར་པོས་ཚ་བ་འཇོམས་ལ་མིག་གསལ་བར་བྱེད།

        ༣ དུས་ཐོག་གི་སྔོ་ཚོད་མང་ཙམ་ཟ་བ། དཔེར་ན་པད་རྩ་དང་ཆུ་འབྲུམ། ལིང་རྩ་བཅས་མང་ཙམ་ཟོས་ན་གློ་གསོ་བ་དང་ཁ་ལྕེ་བརླན་པར་བྱེད། ཞོག་རྒོད་དང་ཞོག་མངར།ཞོག་ཁོག་བཅས་ཟོས་ན་མཚེར་བ་དང་གློ་བ་གསོ་བར་བྱེད།

        ༤ མཁྲེགས་འབྲས་མང་ཙམ་ཟ་བ། དཔེར་ན་སྟར་ག་དང་ཨ་འབྲུམ། ཐང་འབྲུ། སྒལ་འབྲས། བགད་འབྲས་སོགས་ཟོས་ན་ཀླད་པ་ལ་ཕན།

        ༥ སྦྲང་རྩི་མང་ཙམ་འཐུང་བ། སྦྲང་རྩི་འཐུངས་ན་གློ་བ་གསོ་ཞིང་རྒྱུ་མ་བཤང་ནས་རྩ་འགག་པ་འགོག

        ༦ གློ་བ་གསོ་བའི་ཟས་རིགས་མང་ཙམ་ཟ་བ། དཔེར་ན་མོག་དཀར་དང་ལུག་མཉེ། ཁམ་འབྲས་སོགས་སོ།།

        ༧ ཁ་ཚ་བ་དང་སྲེག་ཟས་རིགས་ཉུང་ཉུང་ཟ་བ། རྒྱུ་མཚན་ནི་སྟོན་དགུན་སྐམ་ཚས་ཁ་ལྕེ་སྐམ་པར་བྱེད་པས་ན་མེ་ཡི་སྟེང་ལ་སྣུམ་སྣོན་མི་རུང་ངོ་། །

        མདོར་ན། དགུན་དུས་སུ་ཁ་ལྕེ་བརླན་པར་བྱེད་པ་དང་གློ་བ་གསོ་བའི་ཟས་མང་ཙམ་ཟ་བ་དང་། ཁ་ཚ་ལ་ཚད་པ་སྐྱེད་པའི་ཟས་རིགས་ཉུང་ཟ་བྱས་ནས་གློ་བར་ཚ་ནད་འབྱུང་བ་སྔོན་འགོག་བྱ་དགོས།།