ནགས་ཕག་མཚོ་ཁ་ལ་ཁ་བའི་མེ་ཏོག་རྣམ་པར་རྒྱན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཁ་སང་ཁ་ཉིན་སེམས་ཀྱི་ཉི་ཟླར་ཁ་བ་ཐེངས་ཞིག་བབས་པ་དང་མ་གཞི་འདབ་ཆགས་ཀྱི་དགའ་ཚལ་ཡིན་པའི་ནགས་ཕག་མཚོ་ནི་དངུལ་དཀར་གྱི་འཇིག་རྟེན་ཞིག་དང་འདྲ་བར།  ཁོར་ཡུག་འཛིན་མས་ཁྱོན་ཡོངས་ནས་རང་དཀར་གྱི་ཁ་བས་གཡོགས།

        གྲངས་ཀྱིས་མི་ཁྱབ་བའི་ཁྲུང་ཁྲུང་སྐེ་ནག་དང་། ངང་སེར། མཆུ་དམར་ཆུ་སྐྱར་སོགས་དེ་གར་ཟས་འཚོལ་བ་དང་རྩེད་འཇོར་རོལ་བཞིན་ཡོད། རྒྱང་ལྟ་གཅིག་བྱས་པ་ན་རྒྱང་རིང་གི་ཀྲོང་ངེར་འགྲང་བའི་གངས་རི་དང་གཡུ་དང་འདྲ་བའི་མཚེའུ། རང་བྱུང་ཁོར་ཡུག་གི་བཀོད་པ་ཚར་དུ་དངར་བའི་གྲོང་སྡེ་སོགས་ཀྱིས་སྒྱུ་རྩལ་པའི་སྨྱུག་རྩེ་ལས་གྲུབ་པའི་རི་མོ་ཞིག་དང་འདྲ་བར་མིའི་ཡིད་དབང་རྣམ་པར་འགུག་པར་བྱེད།