བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ལོ་ངོ་སུམ་བཅུའི་འགྲུལ་བཞུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        1988ལོར། བདེ་ཆེན་ཚགས་པར་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱེད་འགོ་ཚུགས་ཤིང་། བདེ་ཆེན་ཚགས་པར་སྐབས་དེའི་བདེ་ཆེན་ཁུལ་གྱི་ཚགས་པར་གསར་འགྱུར་ཐོག་མར་གྱུར།  པར་སྐྲུན་འགྲེམ་སྤེལ་བྱེད་འགོ་ཚུགས་པ་ནས་ད་ལྟའི་བར་ཚགས་པར་གྱི་འགྲེམ་སྤེལ་ཚད་སྔོན་གྱི་ལོ་རེའི་ཁྲི་5ལས་མེད་པ་ནས་2014ལོའི་ལོ་རེའི་འགྲེམས་ཚད་ཕལ་ཆེར་ཁྲི་500ཟིན་པ་རེད།

        ལོ་30ཡི་རིང་དུ།ཚགས་པར་ཁང་གི་ལས་བྱེད་མི་སྣ་དག་གི་འབད་བརྩོན་འོག སྔར་གྱི་ཟླ་ཕྱེད་ཚགས་པར་ནས་གཟའ་འཁོར་ཚགས་པར་དུ་དར་འཕེལ་བྱུང་ཞིང་།  གཟའ་འཁོར་ཚགས་པར་ནས་ཉིན་རེའི་ཚགས་པར་དུ་དར་འཕེལ་བྱུང་ཡོད།  སྔར་གྱི་ཚགས་པར་ཆུང་ངུ་ནས་ད་ལྟའི་ཚགས་པར་ཆེན་པོར་དར་འཕེལ་བྱུང་ལ། སྔར་རྒྱ་ཡིག་ཚགས་པར་ལས་མེད་པ་ནས་ད་ལྟའི་རྒྱ་ཡིག་དང་བོད་ཡིག་གཉིས་ཀའི་ཚགས་པར་ཡོད།  སྔར་རྒྱ་ཡིག་དྲ་བ་ལས་མེད་པ་ནས་ད་ལྟའི་བོད་ཡིག་དྲ་བ་དང་དབྱིན་ཡིག་དྲ་བ་བཅས་གསུམ་ཡོད། སྔར་གྱི་རིགས་སྣ་གཅིག་ནས་ད་ལྟའི་སྐད་དང་ཡི་གེའི་རིགས་སྣ་མང་ཅན་དུ་འཕེལ་རྒྱས་བྱུང་ཡོད།  དེ་མིན་སྲོལ་རྒྱུན་སྨྱན་སྦྱོར་ནས་གསར་སྦྱོར་གསར་བ། སྨྱན་སྦྱོར་སྣ་མང་ནས་སྨྱན་སྦྱོར་ཆ་ཚང་དུ་དར་འཕེལ་བྱུང་སྟེ།  2019ལོའི་བར་དུ། བདེ་ཆེན་ཉིན་རེའི་ཚགས་པར་ཁང་ལ་ཚགས་པར་དང་དྲ་བ།སྐད་འཕྲིན་སྤྱི་སྟེགས་སོགས་ཀྱི་སྨྱན་སྦྱོར་14ཡོད་པ་རེད། 

        ད་ལྟའི་བར། ཚགས་པར་ཁང་གི་བཅར་འདྲི་རྩོམ་སྒྲིག་མི་སྣ་དག་ལ་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་གྱི་བྱ་དགའ་བརྒྱ་ལྷག་ཐོབ་མྱོང་པ་དང་།ཚགས་པར་ཁང་དུ་སྔར་གྱི་མི་བཅུ་ལྷག་ནས་ད་ལྟར་མི་ལྔ་བཅུ་ལྷག་ཡོད།