བདེ་ཆེན་གྱི་དམངས་ཁྲོད་སྒྱུ་རྩལ་བ་ཨ་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཨ་མོ་ནི་བདེ་ཆེན་གྱི་དམངས་ཁྲོད་སྒྱུ་རྩལ་བ་གྲགས་ཅན་ཞིག་ཡིན། 2002ལོར་ཡུན་ནན་ཞིང་ཆེན་རིག་གནས་ཐིང་གིས་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་གཉིས་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མིང་བཏགས། 

        ཁོ་མོས་ཆུང་དུས་ནས་གླུ་གར་སྒྱུ་རྩལ་ལ་དགའ་པོ་ཡོད་ལ། སློབ་སྦྱོང་ལ་བརྩོན་པ་དང་སློབ་སྦྱོང་ལ་དགའ་བའི་སེམས་ཤུགས་ལ་བརྟེན་ནས་སྐབས་བབ་ཀྱི་ཐ་སྙད་དང་། ལན་རྒྱག་པ། འཕྲལ་སྡོམ་གྱི་བརྡ་སྐྱེལ་བ་བཅས་ཀྱི་ལག་རྩལ་རིམ་བཞིན་ཁོང་དུ་ཆུད་པ་བྱས་ཤིང་། 1969ལོར་ཨ་མོ་ཁུན་མིང་དུ་འཚོགས་པའི་ཝུའུ་ལན་མུའུ་ཆི་ཞེས་པའི་མཉམ་འབྲེལ་གླུ་གཞས་འགྲན་བསྡུར་ནང་ཞུགས་ལ། དཔྱད་འདེམས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་གངས་ལྗོངས་རུ་ལུང་ནས་འཕུར་ཡོང་བའི་གསེར་གྱི་ཁྱུང་ཆེན་ཞེས་བསྔགས་བརྗོད་བྱས། 1977ལོ་ནས་བཟུང་ཨ་མོ་སྔ་རྗེས་སུ་བདེ་ཆེན་ཁུལ་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་རྟེན་འབྲེལ་གྱི་དགའ་སྟོན་དང་། བདེ་ཆེན་ཁུལ་བཙུགས་ནས་ལོ་ངོ་སུམ་ཅུ་འཁོར་བའི་རྟེན་འབྲེལ་གྱི་དགའ་སྟོན། 1997ལོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་ཁྱིམ་མཚེས་ས་ཁུལ་གྱི་སྒྱུ་རྩལ་དུས་ཆེན། བདེ་ཆེན་ཁུལ་བཙུགས་ནས་ལོ་ངོ་བཞི་བཅུ་འཁོར་བའི་རྟེན་འབྲེལ་གྱི་དགའ་སྟོན་བཅས་ལ་ཞུགས་ནས་འཁྲབ་སྟོན་བྱས་པ་རེད། 

        དེ་རྗེས་ཨ་མོ་ཡང་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སམ་ཡང་ན་སྐུ་མགྲོན་བསུ་བའི་མཛད་སྒོའི་ཐོག་འཁྲབ་སྟོན་མང་བོར་གདན་དྲངས་མྱོང་། 2001ལོའི་ཟླ་8པར་རྒྱལ་ཡོངས་གླུ་བས་ཡུན་ནན་ལ་བསྟོད་གླུང་ལེན་ཞེས་པའི་གླུ་གཞས་འགྲན་བསྡུར་ལས་ཕུལ་བྱུང་བྱ་དགའ་ཐོབ་ལ། ལོ་དེའི་ཟླ་10པར་ཀོང་ཤིས་ནན་ཉིང་གྲོང་ཁྱེར་གྱི་རྒྱལ་སྤྱིའི་དམངས་གཞས་སྒྱུ་རྩལ་དུས་ཆེན་གྱི་གཞས་པ་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་མ་ཟད། ཀོང་ཤིས་བརྙན་འཕྲིན་ལས་ཁུངས་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སྐད་ཆ་དྲང་པོ་ཤོད་ཞེས་པའི་ལེ་ཚན་གྱི་ཆེད་དོན་བཅར་འདྲི་ཡང་དང་ལེན་བྱས། 2002ལོའི་ཟླ་8པར་ཉིང་ཞ་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་སྐབས་གསུམ་པའི་ནུབ་རྒྱུད་བྱེ་མཚེའུ་བུམ་པ་ཞེས་པའི་དམངས་གླུ་(མེ་ཏོག)འགྲན་བསྡུར་ནང་ཞུགས་ཞིང་དངུལ་གྱི་བྱ་དགའ་ཐོབ། ཨ་མོ་ཡིས་ད་དུང་མི་སྒེར་གྱི་VCDཆེད་སྒྲིག་འགྲེམས་སྤེལ་བྱས་མྱོང་། 

        ད་ཆ་ཨ་མོས་བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་རང་ཉིད་ཀྱི་འཁྲབ་རྩལ་རྒྱུན་འཛིན་བྱེད་བཞིན་ཡོད་ལ། བོད་རིགས་གཞོན་ནུ་མང་པོ་ཞིག་གིས་ཁོང་མོའི་འདུན་ནས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་སྒྱུ་རྩལ་སློབ་སྦྱོང་བྱེད་བཞིན་ཡོད་ལ། ཁོ་མོས་ཀྱང་རང་ཉིད་ཀྱི་ཤེས་ཚོད་ཀྱིས་སློབ་མ་ཚོར་སློབ་ཁྲིད་བྱས་པ་རེད།