རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-20   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར།
ཤད་ཅེས་པ་ནི་ཡིག་འབྲུ་དང་ཚིག་དོན་ཕན་ཚུན་མི་འཁྲུག་པར་སྟོན་བྱེད་ཀྱི་བརྡ་རྟགས་ཤིག་རེད། ཤད་ནི་ཚིག་དང་དོན་ཕན་ཚུན་མི་འཁྲུག་བའི་ཕྱིར་བཀོལ་སྲོལ་ཡོད།
འདི་ལ་ཕུར་ཤད། སྦྲུལ་ཤད། རིན་ཆེན་སྤུངས་ཤད། དྲག་ཤད་སོགས་ཡོད།
ཕུར་ཤད་ཀྱི་བརྡ་རྟགས【།】འདི་དང་། སྦྲུལ་ཤད་ཀྱི་བརྡ་རྟགས【༈】 རིན་ཆེན་སྤུངས་ཤད་ཀྱི་བརྡ་རྟགས【༑】ད་དུང་གཏེར་ཡིག་འགར་དྲག་ཤད་ཀྱི་བརྡ་རྟགས【༔】འདི་འདྲ་བཀོལ་བའི་སྲོལ་ཡང་འདུག
ཚིག་བར་གྱི་གཅོད་མཚམས་མི་འཁྲུག་པ་གསལ་ཕྱིར་བརྡ་རྟགས་སུ་རྩ་བའི་ཆ་ནས་ཕུར་ཤད་སྦྱར་བ་མང་། དེར་ཚིགས་བཅད་དང་ཚིག་ལྷུག་གང་གི་སྐབས་ཡིན་མིན་ལ། བསྟུན་ནས་ཆིག་ཤད【།】དང་། ཉིས་ཤད【།།】ཡང་ན། བཞི་ཤད【།། །།】སོགས་འཚམས་པར་སྦྱར་དགོས་ཏེ།ལེའུའི་བར་མཚམས་དང་གལ་གནད་ཆེ་སར་སྦྲུལ་ཤད【༈】འབྲི་བའི་སྲོལ་འདུག
ཡིག་ཕྲེང་གི་ཐིག་མགོར་འབྲུ་རྡོག་གཅིག་གིས་རྫོགས་པའི་སྐབས་སུ་རིན་ཆེན་སྤུངས་ཤད【༑】འབྲི་སྲོལ་ཡོད། དེ་ནི་གཙོ་ཆེར་ཡིག་འབྲུ་གང་དེ་ཉིད་ཚུགས་ཐུབ་ཆེད་དུ་སྦྱར་བའང་ཤེས་སོ།
ནང་དོན་དེ་དག་གོ་བདེའི་ཚིགས་བཅད་དུ་བྱས་ན་འདི་ལྟར།
དབུ་ཅན་ཚིག་མཐར་ཆིག་ཤད་ཐོབ།།
ཚིགས་ཅད་རྐང་མཐར་ཉིས་ཤད་ཐོབ།།
རྫོགས་ཚིག་མཐའ་ལའང་ཉིས་ཤད་ཐོབ།།
སྡེ་ཚན་ཆེན་མོ་རྫོགས་པ་དང་།།
ལེའུའི་མཚམས་སུ་བཞི་ཤད་ཐོབ།།
ཀ་ག་ཤ་རྐང་ཤད་རེར་རྩི།།
ང་རྐང་ཤད་དང་མི་འདྲེས་ཆེད།།
ང་མཐར་ཤད་གོང་ཕྱི་ཚེག་འབྲི།།