རང་ཁུལ་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར། 

    ཟླ་12ཚེས་11ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཁུལ་ཨུའི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྡེ་ཚན་ཁག་དང་ཚན་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་200ལྷག་ཙམ་གྱིས་སྒྲོག་འགྲེལ་ལ་གསན་པ་རེད། ཁུལ་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་ཤང་ལི་ཡིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པའི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེ་དང་《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྒྲོག་འདོན་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་པའི་ཕྱོགས་གསུམ་གྱི་ཐད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆ་བཏོན་ནས་ཚང་འཛོམས་གྲོས་ཚོགས་ཐོག《གཏན་འབེབས》ནང་བཏོན་པའི་སྤྱིའི་བླང་བྱ་དང་། སྤྱི་ཡོངས་ཀྱི་དམིགས་འབེན། གཙོ་གནད་ལས་འགན་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་འབྲེལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་ཇི་ལྟར་བྱ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། 

    ཟླ་12ཚེས་9ཉིན་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་11ཏུ་ཁྱོན་ཡོངས་ནས་སྤེལ་བ་རེད། སྒྲོག་འགྲེལ་བྱ་རྒྱུ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་དམངས་ཕན་སྲིད་ཇུས་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་སོགས་ཀྱི་འབྲེལ་ཡོད་ནང་དོན་དང་མཉམ་འདྲེས་ཐུབ་པ་བྱས་ནས་མང་ཚོགས་ལ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་དང་། བརྗོད་བྱ་གཙོ་བོའི་ནང་དོན། ལྟེ་བའི་བསམ་བློ་བཅས་གསོན་ཉམས་ལྡན་པའི་ངང་འགྲེལ་བཤད་བརྒྱབ། 

འབའ་ལུང་རྫོང་།

    ཟླ་12ཚེས་10ཉིན་འབའ་ལུང་རྫོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། སྙན་ཞུའི་ཚོགས་འདུའི་ཐོག་ཚོགས་ཞུགས་མི་སྣས་སྒྲོག་འགྲེལ་དགེ་རྒན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་འགྲེལ་བཤད་ནན་ཏན་བརྒྱབ་པར་གོ་བ་གཏིང་ཟབ་བླངས་པ་དང་འབའ་ལུང་རྫོང་གི་འབྲེལ་ཡོད་འགན་འཁུར་བས་ད་དུང་རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱ་རྒྱུའི་ཐད་བླང་བྱ་གསུམ་བཏོན་པ་རེད། 

གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་ཟུག་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གཉིས་ནི་དྲིལ་བསྒྲགས་ཁྱབ་གདལ་ལ་དམ་འཛིན་ཡག་པོ་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་ལམ་ལུགས་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས། གསུམ་ནི་སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ནན་ཏན་གྱིས་འགན་ལེན་བྱེད་དགོས། 

 གསར་སྤེལ་ཁུལ།

    ཟླ་12ཚེས་10ཉིན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་གསར་སྤེལ་ཁུལ་སྙན་ཞུའི་ཚོམས་ཆེན་དུ་འཚོགས་ཤིང་།    སྒྲོག་འགྲེལ་ཚོགས་འདུའི་ཐོག་ཁུལ་ཨུའི་སྒྲོག་འགྲེལ་ཁོངས་མི་དང།  ཁུལ་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་རའོ་ལིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་བརྒྱུད་རིམ་ལྡན་པའི་རྒྱས་བཤད་དང་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་རེད།  

འབྲེལ་ཡོད་མི་སྣས་ཁོངས་མི་རྣམས་ལ་བླང་བྱ་བཏོན་དོན། གཅིག་ནི་ཆུས་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། གཉིས་ནི་ཡར་འགྲེང་ས་མཐོ་རུ་བཏང་ནས་སློབ་སྦྱོང་ནན་ཏན་བྱེད་དགོས་པ་དང་། གསུམ་ནི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྦྱངས་པ་གོ་ཆོད་བྱ་དགོས།