ཆི་ཅན་ཞིན་གྱིས་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་12པའི་ཚེས་11ཉིན་ནས་ཚེས་12ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་རང་ཁུལ་གྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས། རིམ་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། བསམ་བློ་གཅིག་གྱུར་བྱེད་པ།    ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ཁྲིམས་སྲུང་བ། ཁྱོན་ཡོངས་ལ་ལྟ་རྟོག་བྱེད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ། ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱས་ཏེ་བདེ་ཆེན་གྱིས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་། 

    ཞིང་ཨུའི་མཛུབ་ཁྲིད་ཚོ་ཆུང་བཅོ་ལྔ་པའི་ཙུའུ་ཀྲང་ཐང་པིང་བརྟག་ཞིབ་གནང་རོགས་ཕེབས། བརྟག་ཞིབ་ཚོ་ཆུང་སྔ་རྗེས་སུ་སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་གཞུང་ལམ་དང་།  སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ། སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལམ་གཅིག་དང་ཟམ་པ་གཅིག   སེམས་ཀྱི་ཉི་ཟླའི་ཡུལ་གསུམ་ནས་ཚང་རྒྱབ་བར་གྱི་རིམ་པ་གཉིས་པའི་ལམ། ཀོང་རྩེད་ར་ནས་ཆུ་འཛོམས་བར་གྱི་ལམ་དུམ་གཞུང་ལམ། འབྲི་ཆུའི་འཁྱིལ་མཚོ་སླར་གསོ་བསྐྱར་སྐྲུན་གྱི་འགྲིམ་འགྲུལ་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་བཅས་སུ་བསྐྱོད་དེ་རྣམ་གྲངས་ཁག་གི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་ལྷག་པའི་དཀའ་ངལ་དང་གནད་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་གོམ་སྟབས་རྗེས་མའི་འཆར་གཞི་ལ་ཞིབ་འཇུག་གནང་བ་རེད།  

    ཆི་ཅན་ཞིན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་མཐའ་མའི་དོན་ལ་བབས་ས་ནི་བོད་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་འགན་ལེན་བྱ་རྒྱུ་དེ་ཡིན་པ་དང་དེའི་དམིགས་ཡུལ་ནི་རང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཕན་བདེ་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་བསྟན། 

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཆིང་ཕེ་དང་དྲུང་ཆེ་ཞུས་ཀོང་ཏེ་བརྟག་ཞིབ་ལ་ཕེབས་རོགས་ཞུས་ཡོད།