ཁུལ་ཨུས་འགོ་ཁྲིད་ལས་བྱེད་པའི་ལས་འགན་འཁུར་བའི་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཞིང་ཨུས་བློ་མཐུན་ཝང་དབྱི་ཀྲི་ལ་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་བསྐོ་བར་ཐག་གཅོད་གནང་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་12པའི་ཚེས་16ཉིན་ཁུལ་ཨུས་འགོ་ཁྲིད་ལས་བྱེད་པའི་ལས་འགན་འཁུར་བའི་ཁྱབ་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཞིང་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལི་ཞིན་ཧྭ་ཚོགས་འདུར་ཕེབས་ནས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའི་ལས་འགན་བསྐོ་བཞག་བཞེས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 

ཞིང་ཨུས་ཐག་གཅོད་གནང་དོན། ཝང་དབྱི་ཀྲིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་ཀྱི་འགན་འཁུར་རྒྱུ་དང་། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གི་ཏང་ཙུའི་ཧྲུའུ་ཅིའི་གོ་གནས་འཐེན་རྒྱུ། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གི་ཐིང་ཀྲང་གི་གོ་གནས་འཐེན་རྒྱུ(ཁྲིམས་བཀོད་གོ་རིམ་ལྟར་གྲོས་ཞིབ་ཐག་གཅོད་བྱ་རྒྱུར་འབུལ་བ)    ཀུའུ་ཁུན་ནི་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པར(ཐིང་རིམ་པའི་ཐོབ་ཐང་སོར་བཞག)བསྐོ་འཇོག་བྱས་པ་དང་། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་དང་། རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་གོ་གནས་འཐེན་པ། བདེ་ཆེན་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་གོ་གནས་འཐེན་པ(ཁྲིམས་བཀོད་གོ་རིམ་ལྟར་གྲོས་ཞིབ་ཐད་གཅོད་བྱ་རྒྱུར་འབུལ་བ)བཅས་ཀྱི་ཐག་གཅོད་གནང་བ་རེད། 

    ཝང་དབྱི་ཀྲི་ཡིས་གསུང་བཤད་གནང་སྐབས་བདེ་ཆེན་ཁུལ་གྱི་ཁོངས་མི་ཞིག་ཏུ་གྱུར་ནས་བདེ་ཆེན་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་ནུས་ཤུགས་གང་ཡོད་འདོན་པར་འགན་འཁྲི་གཟི་བརྗིད་ལྡན་པ་དང་འགན་འཁྲི་ལྕི་པོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། འགན་འཁྲི་ལ་ངོ་གནོང་མི་དགོས་པ་དང་། ཀུན་གྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ། ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ། རང་འགན་གཙང་སྒྲུབ་བཅས་བྱས་ནས་བདེ་ཆེན་མི་རིགས་ཁག་གི་མི་དམངས་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། 

         ཝང་དབྱི་ཀྲི་ཡིས་ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་ཏང་ཀྲུང་དབྱང་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་།   ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མཐུན་སྒྲིལ་འབད་འཐབ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། མིག་སྔར་བདེ་ཆེན་ཁུལ་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་བཞིན་ཡོད་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ་དེ་ནི་ཐོབ་དཀའ་བའི་གོ་སྐབས་གལ་ཆེན་ཞིག་ཡིན་ལ་འགྲན་སློང་དྲག་པོ་ཞིག་ཀྱང་འཕྲད་ཡོད་ཅེས་བསྟན། 

ཝང་དབྱི་ཀྲི་ཡིས་ཞིང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁུལ་ཨུའི་འགོ་ཁྲིད་ཚན་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཁུལ་མི་དམངས་འཐུས་ཚོགས་དང་།  ཁུལ་སྲིད་གཞུང་།       ཁུལ་སྲིད་གྲོས།      ཁུལ་ཡན་ལག་དམག་ཁུལ་བཅས་ལ་དམ་པོར་བརྟེན་པ་དང་།  མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ལ་དམ་པོར་བརྟེན་ནས་བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ཆེས་ཕྱུག་ཤོས་དང་ཞི་མཐུན་ཆེ་ཤོས་ཀྱི་བོད་ཁུལ་དུ་བསྐྲུན་ཆེད། སྣེ་ཁྲིད་མིག་དཔེ་སྟོན་པ་དང་། འགན་འཁྲི་འཁུར་ཕོད་པ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་རིམ་ཁག་ལས་བྱེད་པ་དང་མང་ཚོགས་ཚོར་མིག་དཔེ་བཟང་པོ་ཞིག་འདོན་རྒྱུ་ཡིན་པ་བསྟན། ཝང་དབྱི་ཀྲི་ཡིས་གཅིག་ནས་ཆབ་སྲིད་ཐད་བརྟན་པོ་གཏོང་དགོས།   གཉིས་ནས་ལས་ཀའི་ཐད་དངོས་དོན་གཉེར་དགོས། གསུམ་ནས་སྤྱོད་ཚུལ་ཐད་དམངས་གཙོ་ཡིན་དགོས། བཞི་ནས་སྒྲིག་ཁྲིམས་ནན་མོ་སྲུང་དགོས་པར་བསྟན།   

མིག་སྔའི་ལས་དོན་ཐད་ཝང་དབྱི་ཀྲི་ཡིས་གཅིག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས། གཉིས་ནི་ཞིང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས། གསུམ་ནི་ཁ་ཕྲལ་ལ་ངོ་རྒོལ་དང་བོད་ཁུལ་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱེད་དགོས། བཞི་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཞིབ་ཚགས་སྒྲུབ་དགོས། ལྔ་ནི་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་བྱུང་དགོས། དྲུག་ནི་ལོ་གསར་རིང་གི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་སོགས་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།