བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་60ལས་བརྒལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་12ཚེས་13ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་གནམ་གྲུ་MU5940དེ་ལྷ་ས་ནས་བདེ་ཆེན་དུ་སླེབས་པའི་ཡུལ་སྐོར་བ་ལིན་ཤང་ལན་ནི་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གི་2019ལོའི་འགྲུལ་པ་ཨང་ཁྲི་60པར་གྱུར་པ་དང་།  འདིས་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གི་ལོ་གཅིག་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་60ཡི་འགག་སྒོ་ཆེན་པོ་ལས་བདེ་བླག་ངང་བརྒལ་ནས་སླར་ཡང་མཆོང་སྐྱོད་གསར་པ་བྱུང་བ་མཚོན་ཡོད་པ་རེད།

མིག་སྔར་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་ནི་རྒྱལ་ཡོངས་ཀྱི་ས་མཐོའི་གནམ་གྲུ་ཐང་19དང་བོད་ཁུལ་གྱི་གནམ་ཐང་17ཁྲོད་ཀྱི་མཁའ་འགྲུལ་གྲུ་ཁ་ཆེ་གྲས་གཉིས་པར་གྱུར་ཡོད། གནམ་གྲུ་ཐང་འདི་ནི་ཀྲུང་དབྱང་གིས་བོད་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་ཤར་རྒྱུད་བོད་ཁུལ་གསར་སྤེལ་བྱེད་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན། 1998ལོའི་ཟླ་1པོའི་ཚེས་4ཉིན་སྐྲུན་འགོ་ཚུགས་པ་དང་1999ལོའི་ཟླ་4ཚེས་30ཉིན་བསྐྲུན་ཚར་ནས་ད་བར་བདེ་འཇགས་ངང་འཁོར་སྐྱོད་ལོ་20བྱས་ཡོད།