སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་དག་ཐེར་ལེགས་བཅོས་ལས་ཀར་ཆེད་དམིགས་བཀོད་སྒྲིག་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་དག་ཐེར་ལེགས་བཅོས་ལས་ཀའི་ཆེད་དམིགས་ཚོགས་འདུ་འཚོགས་པ་དང་།  ཞིང་ཆེན་དབུལ་སྐྱོར་གྲུབ་འབྲས་དཔྱད་ཞིབ་ཚོ་ཆུང་གིས་ངག་ཐོག་ལྡོག་སྐྱེལ་བྱས་པའི་གནད་དོན་ལ་དབྱེ་ཞིབ་དང་ལེགས་སྒྲིག་ནན་ཏན་བྱས་པ་མ་ཟད།  གོམ་སྟབས་རྗེས་མའི་དག་ཐེར་ལེགས་བཅོས་ལས་ཀ་ལ་བཀོད་སྒྲིག་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གནང་བ་རེད།

    ཡུས་ཧྲེང་ཞང་གིས་བསྟན་དོན།  ཐེངས་འདིའི་ཞིང་ཆེན་དབུལ་སྐྱོར་གྲུབ་འབྲས་དཔྱད་ཞིབ་ཚོ་ཆུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དཔྱད་ཞིབ་བྱེད་པའི་དུས་རིང་དུ།  སྔ་རྗེས་སུ་ཤང་དང་གྲོང་རྡལ་6དང་རང་བྱུང་གྲོང་ཚོ་7གྱི་དུད་ཚང་400ལྷག་གི་ཁྱིམ་དུ་འཚམས་འདྲི་བྱས་པ་དང་ ངག་ཐོག་ནས་ཕྱོགས་ལྔའི་གནད་དོན་10ལྷག་ལྡོག་སྐྱེལ་བྱས་ཡོད།  ཞིང་ཆེན་རིམ་པའི་དབུལ་སྐྱོར་གྲུབ་འབྲས་དཔྱད་ཞིབ་ཚོ་ཆུང་གིས་ཡུལ་དངོས་སུ་དཔྱད་ཞིབ་བྱས་པའི་གནས་ཚུལ་དང་རང་གྲོང་ཁྱེར་གྱིས་རང་བཤེར་བྱས་པ་ལ་ལྟར་ན།  མིག་སྔར།  ལས་བྱེད་པ་ཉུང་ཤས་ཀྱིས་ལས་ཀ་ལ་ལྷོད་གཡེང་བྱས་པ་དང་ཀུན་འདྲི་ལས་ཀ་གནས་སུ་མི་འབྱོར་བ།  དབུལ་སྐྱོར་སྲིད་ཇུས་ལ་རྒྱུས་ལོན་མེད་པ།  གྲོང་ཚོའི་གནས་ཚུལ་དང་དབུལ་ཕོངས་ཀྱི་གནས་ཚུལ་ལ་གསལ་པོ་ཤེས་མེད་པ།  གསར་དུ་འཛུགས་པའི་ཁང་པའི་ནང་སྡོད་མེད་པ་དང་གནས་སྤོ་བའི་སྲིད་ཇུས་དོན་འཁྱོལ་ཐད་ ཡོ་ཁྱད་ཡོད་པ།  འབོར་ཆུང་དངུལ་བུན་གནས་སུ་མི་འབྱོར་བ་སོགས་ཀྱི་གནད་དོན་གནས་ཡོད།

    ཡུས་ཧྲེང་ཞང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཁབ་རིམ་པའི་དབུལ་སྒྲོལ་གྲུབ་འབྲས་དཔྱད་ཞིབ་ཚོ་ཆུང་གིས་དཔྱད་ཞིབ་དང་ལེན་བྱེད་པར་ཉེ་བ་དང་། རིམ་པ་ཁག་དང་སྡེ་ཚན་ཁགཤང་གྲོང་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་དགོས་པ་དང་།ཚད་མཐོན་པོའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་བྱས་ནས་དག་ཐེར་ལེགས་བཅོས་ལས་ཀ་སྤེལ་དགོས།ཚད་མཐོའི་མཐོང་ཆེན་གནང་དགོས་པ་དང་ལྷོད་གཡེང་བྱེད་མི་རུང་། མིག་སྔའི་ཞན་ཆ་དང་ཧེ་བག་གསལ་པོ་མཐོང་དགོས་པ་དང་གནས་ཡོད་པའི་གནད་དོན་དང་ཞན་ཆ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་གཟབ་ནན་གྱི་བྱེད་ཐབས་དང་སྤྱོད་ཚུལ་གྱིས་དག་ཐེར་ལེགས་བཅོས་གནས་སུ་འབྱོར་བར་དམ་འཛིན་བྱེད་དགོས།  གྲོང་ཚོ་ཁག་གིས་ནན་ཏན་སྒོས་གནད་དོན་གསལ་ཐོ་ལ་ཤན་སྦྱར་བྱེད་དགོས་པ་དང་སྐྱོན་བཤེར་ཆད་གསབ་བྱེད་དགོས། ཐེངས་འདིར་འཐེན་བཤེར་བྱེད་མེད་པའི་ཤང་གྲོང་གིས་དཔྱད་ཞིབ་ཚོ་ཆུང་གི་ལྡོག་སྐྱེལ་བྱས་པའི་གནད་དོན་ལ་ཤན་སྦྱར་བྱས་ཏེ་ནན་ཏན་སྒོས་རང་ཞིབ་རང་བཤེར་བྱེད་དགོས་པ་དང་ཕྱོགས་ཡོངས་ནས་གནད་དོན་དག་ཐེར་ལེགས་བཅོས་ལས་ཀར་དམ་འཛིན་བྱེད་དེ། ཕྱོགས་ཡོངས་ནས་དག་ཐེར་ལེགས་བཅོས་གནས་སུ་འབྱོར་བར་ཁག་ཐེག་བྱེད་པ་དང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་རིམ་པའི་གྲུབ་འབྲས་དཔྱད་ཞིབ་བསུ་དགོས་ཞེས་པའི་བླང་བྱ་བཏོན་པ་རེད།