དགུན་དུས་ཀྱི་ནགས་ཕག་མཚོའི་ཁྲུང་ཁྲུང་སྐེ་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དགུན་དུས་ཀྱི་ནགས་ཕག་མཚོ་ནི་དུས་བྱའི་སྤྲོ་སྐྱིད་གླིང་དུ་གྱུར་ཡོད་ལ། ཞོགས་པའི་ཉི་འོད་དང་པོ་ནགས་ཕག་མཚོའི་མཚོ་ངོས་སུ་འཕྲོ་བ་དང་ཆབས་ཅིག ཁྲུང་ཁྲུང་སྐེ་ནག་གིས་གཤོག་རྡེབ་དང་བསྟུན་ཉིན་གཅིག་གི་འཚོ་བ་འགོ་རྩོམ་པ་རེད།

    ཁྲུང་ཁྲུང་སྐེ་ནག་ཕུད།ནགས་ཕག་མཚོ་རུ་ད་དུང་ངང་སེར་དང་།ཁྲུང་ཁྲུང་མགོ་ཁྲ།མཚོ་སྐྱར་སོགས་བྱ་རིགས་དུ་མ་ཡོད་ཅིང་།དེ་ཚོས་དར་ཆགས་པའི་མཚོ་ངོས་སུ་ངལ་གསོ་བ་དང་།ཡང་ན་རྩྭ་ཐང་སྟེང་དུ་ཟས་འཚོལ་བ་དང་རྩེད་འཇོར་རོལ་བ།སྐབས་རེར་གཤོག་པ་བརྐྱངས་ནས་ནམ་མཁར་ལྡིང་བསྐོར་བྱེད་པ་སོགས་བྱས་ནས་ནགས་ཕག་མཚོའི་སྐྱེ་སྟོབས་དང་མཛེས་སྡུག་ལ་སྔར་ལས་ཀྱང་དཔལ་ཡོན་གྱི་བཀྲག་མདངས་སྩོལ་བཞིན་འདུག