རྡོ་མཁར་རྫོང་དུ་ཀོ་བརྐོས་རིག་གནས་སྒྱུ་རྩལ་ཁང་ཞིག་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཐང་སྟེང་ཀུན་དགའ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཐང་སྟེང་ཀུན་དགའ་ནི་བདེ་ཆེན་ཁུལ་འཇོལ་རྫོང་གི་སྨན་རིའི་འོག་ཏུ་སྐྱེས་བ་དང་། མཐོ་འབྲིང་མཐར་ཕྱིན་རྗེས་ཧྲང་ཧའེ་གློག་ཤུགས་སློབ་ཆེན་གྱི་རྩིས་འཁོར་ཆ་འཕྲིན་དོ་དམ་ཆེད་ལས་སྦྱོང་བར་སོང་།  2010ལོར་ཀྲུང་གོའི་དངུལ་ཁང་དུ་ལས་ཞུགས་པ་དང་།  ལོ་5ཡི་རྗེས་སུ་ལས་ཁུར་རྩ་དགོངས་ཞུས་ནས་ཨ་མྱེས་བཞག་པའི་ཀོ་བརྐོས་ལག་རྩལ་རྙེད་དེ་རྡོ་མཁར་རྫོང་དུ་ཀོ་བརྐོས་རིག་གནས་སྒྱུར་རྩལ་ཁང་ཞིག་བཙུགས་པ་རེད།

ཀོ་བརྐོས་རིག་གནས་སྒྱུ་རྩལ་ཁང་།

        ཐང་སྟེང་ཀུན་དགའ་ཡིས་སྔ་རྗེས་སུ་ཆིང་ཏའོ་དང་ཧྲང་ཧའེ་སོགས་སུ་ཆེད་ལས་ཀྱི་ཀོ་བརྐོས་སྦྱངས་བ། ཐེངས་རེར་ཉིན་བཞི་ལྔ་སྦྱངས་བ་དང་སྐབས་དེར་ཉིན་རེའི་སློབ་ཡོན་སྒོར་1000ཡིན་པ།  ཐེངས་དང་པོར་ཆིང་ཏའོ་རུ་སོང་ནས་ཚུར་ལོག་རྗེས་ཁོས་རང་ཉིད་འཕྲད་པའི་གནད་དོན་དག་ཟིན་བྲིས་སུ་བཏབ་པ་དང་། ཐེངས་གཉིས་པར་ཧྲང་ཧའེ་རུ་སོང་དུས་གནད་དོན་དག་ཐག་གཅོད་བྱས་རྗེས་ཁོས་ཞིབ་འཇུག་དང་ལག་བསྟར།  གསར་གཏོད་བྱས་པ་མ་ཟད།  ཆུང་དུས་ནས་ངོ་ཤེས་པའི་ལྷ་འབྲི་བ་གཉིས་དང་མཉམ་དུ་ཇུས་འགོད་བྱས་པ་དང་རི་མོ་བྲིས་བ་སོགས་བྱས་པ་རེད། 

ཀོ་བརྐོས་ལག་ཁུག

ཀོ་བརྐོས་ལྷམ་ཡུ་རིང་།

        ཀོ་བརྐོས་རིག་གནས་སྒྱུ་རྩལ་ཁང་གི་གྱང་དུ་བོད་ཁྱི་དང་རྟ་མགོ་སོགས་ཀྱི་ཀོ་བརྐོས་ཀྱི་བརྩམས་ཆོས་ཆུང་གྲས་འགའ་བཀལ་ཡོད་ལ། གཡས་ཕྱོགས་སུ་སྲོལ་རྒྱུན་གྱི་ཀོ་བརྐོས་གྲི་ཆས་བཞག་ཡོད། དེའི་ཁྲོད་ཁྱད་ཆོས་ལྡན་པ་ཞིག་ནི་ཀ་བ་ཐོག་བཀལ་ཡོད་པའི་ཀོ་དེ་ཡིན།  ཀོ་ནི་ཀོ་བས་བཟོས་པའི་སྒྱེ་མོ་ཡིན་ལ། དེའི་ནང་རྩམ་པ་སོགས་བླུགས་ན་ཡུན་རིང་པོ་ཡང་ངོ་བོ་མི་འགྱུར་བ་བྱེད་ཐུབ་པ་རེད།

ཀོ་བརྐོས་ཀྱི་གྲི་ཆས་སྣ་ཚོགས།

ཚོན་སྣ་ཚོགས།