ཆུ་ཆེན་མུ་ནེའི་སྐོར་བྲོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-10   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        མུ་ནེའི་སྐོར་བྲོ་ནི་ཆུ་ཆེན་རྫོང་མུ་ནེ་ཡུལ་ཚོའི་མངའ་ཁོངས་སུ་དར་ཆེ་བའི་ཞབས་བྲོ་ཞིག་ཡིན་ལ། རྒྱལ་རོང་ས་ཆའི་ཁྱད་ཆོས་མངོན་པར་ལྡན་པའི་གནའ་བྲོ་ཞིག་ཀྱང་ཡིན། སྐོར་བྲོ་འཁྲབ་དུས་བུད་མེད་ཀྱི་རྒྱན་གོས་ལ་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་པར་མ་ཟད་གནའ་བོའི་མ་རྒྱུད་ཀྱི་ལུགས་སྲོལ་ངང་ངམ་ཤུགས་ཀྱིས་མཐོང་ཐུབ་པ་ཡིན།

        མུ་ནེའི་སྐོར་བྲོ་འཁྲབ་མཁན་གྱི་བུད་མེད་རྣམས་ཀྱི་རྒྱན་གོས་ལ་ཕྱི་ནང་བར་གསུམ་ཏེ་ཕྱི་རུ་ཁ་དོག་དཀར་དམར་ཅན་གྱི་ཕྲག་ཁེབ་དང་བར་དུ་ལྭ་ལིང་། ནང་དུ་ཁ་དོག་ལྔ་ལྡན་གྱི་སྨད་གཡོག་གཏེབ་རིམ་མང་པོ་ཅན་དེ་གྱོན་ནས་བྲོ་ལ་རོལ་བར་བྱེད། མུ་ནེའི་སྐོར་བྲོ་འཁྲབ་དུས་བྲོ་མགོ་འཛིན་མཁན་གྱི་སྐྱེས་པ་ཕོ་མོ་གཉིས་ཀྱིས་གླུ་སྐད་ངག་ལ་དྲངས་ནས་བྲོ་རའི་དཀྱིལ་དུ་ཐོན་པར་བྱེད། དེ་ནས་བྲོ་མགོ་འཛིན་མཁན་གྱི་སྐྱེས་མ་དེས་ལག་རས་ཤིག་ལག་པ་གཉིས་ཀྱིས་བཏེགས་ནས་གུས་འདུད་ལན་གསུམ་བྱས་རྗེས་བྲོ་མགོ་འཛིན་མཁན་གྱི་སྐྱེས་པ་ལ་འབུལ་བ་རེད། དེ་ནས་སྐྱེས་པའི་སྣེ་ཁྲིད་དེ་སྐོར་བྲོའི་མགོ་འཛིན་པར་བྱེད།