ཡུན་ནན་ཧྲི་ལིན་གྱིས་གྲོ་མའི་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-12-05   རྩོམ་ཁུངས།    མི་དམངས་དྲ་བ།

      ཉེ་ལམ་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཧྲི་ལིན་དབྱིས་རིགས་རང་སྐྱོང་རྫོང་ཤིས་ཅེ་ཁོའུ་གྲོང་རྡལ་གྱིས་གྲོ་མའི་ཐོན་ལས་དེ་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་པ་རེད། 2019ལོར་གྲོང་རྡལ་ཡོངས་སུ་དུད་ཚང་དབུལ་པོ་67གྲོ་མ་མུའུ་446.4འདེབས་པའི་ནང་ཞུགས་པར་སྔོན་དཔག་ལྟར་ན། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.8ཡོང་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཤིས་ཅེ་ཁོའུ་གྲོང་རྡལ་གྱིས་1996ལོར་གྲོ་མ་ནང་འདྲེན་ཐེངས་དང་པོ་བྱས་ནས་འདེབས་གསོ་བྱས་པ་དང་། ལོ་མང་རིང་སྣ་ཁ་ལེགས་བཅོས་དང་། མྱུག་གསོ། འདེབས་འཛུགས། གསེང་རྨོད་དོ་དམ་སོགས་ཀྱི་ལྷུ་ཚིགས་ལ་འཚོལ་ཞིབ་ཕྱོགས་སྡོམ་བྱས་པ་བརྒྱུད། ས་གནས་ཀྱི་ཁྱད་ཆོས་དང་འཚམ་པའི་འདེབས་འཛུགས་དོ་དམ་བྱ་ཐབས་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་ཐུབ་ཡོད། མིག་སྔར་ཤིས་ཅེ་ཁོའུ་གྲོང་རྡལ་གྱིས་གྲོ་མ་ཁྱོན་མུའུ་ཁྲི་7.2བཏབ་པ་དེ་དག་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན། ཤང་ཀང་སོགས་ས་ཆར་ཕྱིར་ཚོང་བྱས་པས། གྲོ་མ་དེ་ས་གནས་དེ་གའི་མང་ཚོགས་ཀྱི“དབུལ་སྒྲོལ་གྲོ་མ”དང“ཕྱུག་འགྱུར་གྲོ་མར”གྱུར།