བདེ་ཆེན་གྱི་ལོ་ངོ་70་ཡི་གྲུབ་འབྲས་ཁུན་མིང་དུ་འགྲེམ་སྟོན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། འོད་སྟོང་འབར་བའི་ལོ་ངོ་70—ཡུན་ནན་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམ་སྟོན་གྱི་བདེ་ཆེན་ཁུལ་བྱེད་སྒོ་ཉིན་མོ་དེ་ཡུན་ནན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ཁང་དུ་བསྡུས་པ་དང་།  ལོ་ངོ་70ཡི་རིང་བདེ་ཆེན་གྱི་དར་འཕེལ་དང་འགྱུར་ལྡོག་ལ་དྲན་གསོ་བྱས་པ་དང་དུས་རབས་གསར་པའི་འོག་བདེ་ཆེན་གྱི་ཉམས་འགྱུར་མངོན་པ་རེད།

        བྱེད་སྒོའི་ཡུལ་དངོས་སུ་ངོ་སྤྲོད་བྱས་པར་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་དུ།  བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་ལ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་བ་དང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད།  བདེ་ཆེན་གྱི་ཡུལ་སྐོར་ལས་རིགས་ལ་སྟོབས་ཤུགས་གསར་པ་གློ་བུར་དུ་ཐོན་ཡོད།  བདེ་ཆེན་གྱི་སྐྱེ་དངོས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་ཡོད།  བདེ་ཆེན་གྱི་རིག་གནས་ཐོན་ལས་ལ་རྣམ་པ་སྣ་ཚོགས་བཀྲ་བཞིན་ཡོད།  ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མི་ཆད་པར་འཐུས་ཚང་དུ་འགྱུར་ཡོད་པ་དང་གྲོང་ཁྱེར་དོ་དམ་ལས་དོན་འཛུགས་སྐྲུན་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ཡོད། ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  བདེ་ཆེན་གྱི་GDP ཐོག་མཐའ་བར་གསུམ་དུ་གྲངས་གནས་གཉིས་འཕར་བར་རྒྱུན་འཁྱོངས་བྱེད་ཡོད་དེ་ཆ་སྙོམས་འཕར་ཚད་19.7%ཟིན་ཡོད། དཔལ་འབྱོར་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་16དང་རྒྱལ་ཡོངས་ཀྱི་བོད་རང་སྐྱོང་ཁུལ་10ཡི་མདུན་གྲལ་དུ་སླེབས་ཡོད།  2018ལོར། བདེ་ཆེན་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་217.5ཟིན་པ་དང་ཁུལ་ཡོངས་སུ་དཔལ་འབྱོར་དར་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྡོད་ལས་བརྩོན་གྱི་རྣམ་པར་ཡག་པོ་མངོན་ཡོད།

        ཉིན་དེར། ང་དང་ངའི་མེས་རྒྱལ་ཞེས་པའི་བརྗོད་བྱ་གཙོ་བོའི་གཏམ་རྒྱུད་འདུས་སར་རྣམ་པ་འཁྲུག་པ་དང་ངོ་མཚར་ཚད་མེད་བྱུང་ཡོད་དེ།   འཇོལ་རྫོང་གཡག་རྭ་མངགས་གཏོང་སུའོ་ཡི་་སུའོ་ཀྲང་དོན་འགྲུབ་ཕུན་ཚོགས་དང་དེ་སྔའི་ཀྲུང་གུང་འབའ་ལུང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲའོ་དབྱི།ཡུན་ནན་རིག་ཐོན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འབའ་ལྷག་དཀར་རྫོང་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གཞོན་པ་དང་ སྤྱི་ཁྱབ་ཅིང་ལི། ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བསོད་ནམས་དོན་འགྲུབ། སེམས་ཀྱི་ཉི་ཟླ་ཝུ་ཧྥུ་ཕག་རྒོད་སྐྱེ་ཁམས་གསོ་སྤེལ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧོ་ཡུང་ཆོན། བདེ་ཆེན་གཞུང་ལམ་ཅུས་འཇོལ་རྫོང་ཡན་ལག་ཅུས་ཀྱི་ལི་མེ་བཅས་མི་ལྔ་ཡིས་གངས་ལྗངས་མཐོ་སྒང་གི་སྲུང་དམག་གིས་དམངས་ལ་ཞབས་ཞུ་བྱེད་པའི་གཏམ་རྒྱུད་དང་། ཨ་ཕ་ཀྲའོ་ཧོ་དབྱང་གིས་མི་ཚེ་གང་པོར་ཕུགས་བསམ་དང་དད་སེམས་བརྟན་སྲུང་བྱེད་པའི་གཏམ་རྒྱུད། འབའ་ལྷག་དཀར་རྫོང་གི་བོད་རིགས་ཡུལ་མི་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་གཏམ་རྒྱུད། ཕུལ་དུ་བྱུང་བའི་ན་གཞོན་ལས་གཏོད་པས་ཞིབ་འཇུག་སློབ་མ་མཐའ་ཕྱིན་རྗེས་ཡུལ་ལ་ལོག་ནས་ལས་གཏོད་པའི་གཏམ་རྒྱུད།  དེ་མིན་མཐོ་སྒང་གི་གཞུང་ལམ་མི་སྣས་གཉེན་ཉེའི་བརྩེ་དུང་དམངས་ཆེད་ཞབས་འདེབས་ཞུ་བའི་གཏམ་རྒྱུད་བཅས་བཤད་པ་དང་། ཁོང་ཚོས་རང་ཉིད་ཀྱི་མྱོང་ཚོར་ངོ་མ་བརྒྱུད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རིང་དུ་བདེ་ཆེན་མཐོ་སྒང་གི་ལས་རིགས་ཁག་གི་དར་འཕེལ་འགྱུར་ལྡོག་དང་།ཏང་ཨུ་སྲིད་གཞུང་གི་རྒྱབ་སྐྱོར་རོགས་རམ་འོག་མི་སྒེར་གྱི་འཚར་ལོངས་ལ་གྲུབ་འབྲས་ཐོབ་པའི་སྐུལ་ལྕག་མི་ཚེའི་གཏམ་རྒྱུད་བཤད་པ་རེད།

        འོད་སྟོང་འབར་བའི་ལོ་ངོ་70—ཡུན་ནན་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གྲུབ་འབྲས་འགྲེམ་སྟོན་གྱི་བདེ་ཆེན་འགྲེམས་པང་ནང་དོན་རྒྱབ་ཀྱི་གཏམ་རྒྱུད་དུ་རང་ཁུལ་གྱིས་སྐྱེ་ཁམས་ཀྱིས་ཁུལ་བཙུགས་པ་དང་མཛེས་སྡུག་གི་བདེ་ཆེན།རིག་གནས་ཀྱིས་ཁུལ་དར་བ་དང་འོད་སྟོང་འཕྲོ་བའི་བདེ་ཆེན།ཐོན་ལས་ཀྱིས་ཁུལ་སྟོབས་ལྡན་དུ་གཏོང་བ་དང་དར་འཕེལ་གྱི་བདེ་ཆེན།འཆམ་མཐུན་གྱིས་ཁུལ་གནས་པ་དང་བདེ་སྐྱིད་ཀྱི་བདེ་ཆེན་ཞེས་པ་སོགས་ཀྱི་ནང་དོན་ལ་དམིགས་ནས་པར་རིས་མཉམ་བྲིས་སྒོས་རང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོའི་ལས་གྲྭར་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལས་དོན།  དབུལ་སྒྲོལ་འགག་སྒྲོལ། ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ནས་ཐོབ་ཡོད་པའི་གྲུབ་འབྲས་འགྲེམས་ཡོད།

        ཀྲུང་དབྱང་གི་ཡུན་ནན་དུ་བཅའ་སྡོད་བྱས་ཡོད་པའི་གསར་འགྱུར་སྨྱན་སྦྱོར་འགའ་དང་།  ཞིང་ཆེན་རིམ་པའི་གསར་འགྱུར་སྨྱན་སྦྱོར།  རང་ཁུལ་གྱི་གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་བདེ་ཆེན་བརྗོད་བྱའི་གཙོ་བོའི་ཉིན་མོའི་བྱེད་སྒོར་ཞུགས་པ་དང་མཉམ་དུ་བདེ་ཆེན་གྱི་དར་འཕེལ་གྲུབ་འབྲས་མཚོན་པའི་ཆེད་དོན་བརྙན་རིས་ལྟ་བ་རེད།