ཤིན་ཧྭ་དྲ་བའི་གསར་འགོད་པས་བདེ་ཆེན་གྱི་དབུལ་སྐྱོར་གནས་ཚུལ་འཛམ་གླིང་ལ་བཤད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-28   རྩོམ་ཁུངས།    ཤིན་ཧྭ་དྲ་བ།


        ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐའ་མཚམས་སུ་ཡོད་ལ། འབྲི་ཆུ་དང་རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་གཙང་གསུམ་མཉམ་དུ་འབབ་སའི་ཡུལ་ལུང་ཁྱད་པར་བ་ཞིག་ཡིན་ཏེ། གནས་འདིར་འཛམ་གླིང་གི་སྐྱེས་དངོས་གཞི་རྒྱུའི་དབང་མཛོད་དུ་འབོད། མི་ཡུལ་གྱི་ཤམ་བྷ་ལར་འབོད་པའི་སེམས་ཀྱི་ཉི་ཟླ་ཡང་མི་རྣམས་ཀྱིས་རེ་སྙེག་དང་སྣང་བ་ཤོར་སའི་གནས་མཆོག་ཅིག་ཡིན་ལ།འདི་ཡང་ཀྲུང་གོའི་ཁུལ་གསུམ་ཁོངས་གསུམ་གྱི་ཚད་མཐོའི་དབུལ་ཕོངས་ས་ཁུལ་ཞིག་ཡིན་པ་རེད། དབུལ་སྐྱོར་འགག་སྒྲོལ་དང་སྐྱེ་ཁམས་སྲུང་སྐྱོབ་གཉིས་ཕན་ཚུན་རོགས་འདེགས་དང་གཤིབ་རེས་འགྲན་རེས་བྱེད་བཞིན་ཡོད་དེ། གནད་ཁེལ་དབུལ་མཐར་གྱི་སྐྱེ་ཁམས་མཛེས་རེས་ཤིག་འདི་ན་མངོན།

        ཀྲུང་གོས་དབུལ་སྐྱོར་ཐད་བླངས་པའི་གྲུབ་འབྲས་དེ་རྒྱལ་སྤྱིའི་སྟེང་བསྟོད་བསྔགས་དང་སྙན་གྲགས་ཡོད་ལ། རྗེས་ཕྱོགས་འདི་ལྟ་བུའི་རྒྱལ་ཁའི་མཉམ་མྱོང་རྒྱལ་ཁབ་གཞན་པས་བསྡུ་ལེན་བྱས་ནས།ནམ་ཞིག་ཚེ་འཛམ་གླིང་ཡོངས་མི་ཡུལ་གྱི་ཤམ་བྷ་ལ་སྟེ་སེམས་ཀྱི་ཉི་ཟླ་ལྟ་བུའི་ཞི་བདེ་དང་སྟོབས་འབྱོར། འཆམ་མཐུན་ཅན་གྱི་སྤྱི་ཚོགས་ཤིག་ཏུ་འཚོ་བ་རོལ་ཐུབ་པར་རེ་བ་ཡོད་དོ།།