​ཁྲོན་བོད་གཞུང་ལམ་སྟེང་གི་གྲིབ་གཟུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-27   རྩོམ་ཁུངས།    ཞིན་ཧ་དྲ་བ།

1.jpg

དཀར་མཛེས་རྫོང་གི་འབྲོག་པས་སྡོད་ཁང་མཛེས་ལྗོངས་ཁུལ་གྱི་མཚེའུ་ངོས་སུ་གད་སྙིགས་གཙང་སེལ་བྱེད་བཞིན་པའི་ཚུལ།

2.jpgཁ་བའི་ནང་ཡུལ་སྐོར་བ་ཞིག་བོད་ལྗོངས་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་དུ་བསྐྱོད་པ།

༤.jpg

སྟོན་ཁའི་བོད་ལྗོངས་གནམ་མཚོའི་མཛེས་ཉམས།

༥.jpg

ཡུལ་སྐོར་བ་ཚོ་ཁྲོན་བོད་ལམ་རྒྱུད་ཀྱི་པར་ལེན་མཛེས་ལྗོངས་ཁུལ་གྲགས་ཅན་དུ་འགྲོ་བ།

༦.jpg

ཡུལ་སྐོར་བ་གཉིས་བོད་ལྗོངས་གནམ་མཚོ་ཁར་ཡོད་པ།

༧.jpg

གཞུང་ལམ་བདག་སྐྱོང་པ་འགའ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁོངས་ཀྱི་ཁྲོན་བོད་གཞུང་ལམ་སྟེང་དུ་ཡོད་པ།

༨.jpg

འབྲོག་པ་ཞིག་གིས་རྩྭ་ཐང་དུ་ཕྱུགས་འཚོ་བ།

        དུས་རབས20པའི་ལོ་རབས50ཡི་དུས་འགོར་འཛམ་གླིང་ཡང་རྩེའི་གཞུང་ལམ་ཤར་གཏོང་ཐུབ་པའི་ཆེད་རྒྱལ་ཁབ་ཀྱིས་ཁྲོན་བོད་གཞུང་ལམ་བསྐྲུན་རྒྱུའི་གཏན་འཁེལ་བྱས་པ་དང་། 1954ལོའི་ལོ་མཇུག་ཏུ་ཁྲོན་བོད་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པ་བྱུང་། བོད་ལྗོངས་དང་མེས་རྒྱལ་ནང་ས་སྦྲེལ་མཐུད་བྱེད་པའི་བགྲོད་ལམ་ཆེན་པོའི་གྲས་ཤིག་ཡིན་པའི་ཆ་ནས་ཁྲོན་བོད་གཞུང་ལམ་ནི་སྐྱེལ་འདྲེན་གྱི་འཕར་རྩ་ལྟ་བུ་ཡིན་པ་མ་ཟད། ཡུལ་ལྗོངས་ཉམས་སུ་མྱོང་བའི“མཛེས་སྡུག་ལྡན་པའི་ཡུལ་སྐོར་ལམ་ཐིག་”ཤིག་ཀྱང་ཡིན་པས་ལམ་རྒྱུད་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་ཁྱམས་གལ་ཆེན་ཞིག་ཏུ་གྱུར།

 ད་ལྟ་ཁྲོན་བོད་གཞུང་ལམ་སྟེང་དུ་གཅེས་སུ་འོས་པའི་མི་སྐོར་ཞིག་ཡོད་པ་སྟེ། གཞུང་ལམ་བདག་སྐྱོང་བྱེད་མཁན་དང་། ཡང་ན་ཡུལ་སྐོར་འཕེལ་རྒྱས་གཏོང་མཁན། ཡང་ན་ཕྱུགས་འཚོ་མཁན་སོགས། ཁོ་ཚོ་གངས་རི་དང་གནམ་སྔོན་སྤྲིན་དཀར་གྱིས་བརྒྱན་པའི་ཡུལ་ལྗོངས་ཁྲོད། གཟུགས་བརྙན་དེ་དག་གིས་ཁྲོན་བོད་གཞུང་ལམ་སྟེང་གི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་གྲུབ་ཡོད། །