གློག་བརྙན་སྲིད་པའི་མེ་ཏོག་ཞེས་པ་རྒྱལ་ཡོངས་ནས་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-26   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

    ན་གཞོན་འཁྲབ་ཁྲིད་པ་ཀླུ་རྒྱལ་རཱ་ཏི་ཡིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་གློག་བརྙན《སྲིད་པའི་མེ་ཏོག》ཅེས་པ་ནི་བོད་ཀྱི་ཆེས་ཐོག་མའི་འཁྲབ་ཚིག་གཅིག་ཀྱང་མེད་པའི་གློག་བརྙན་ཞིག་ཡིན་ཏེ། དབྱིན་ཇི་རུ་འཚོགས་པའི་ཡོ་རོབ་བྱང་མའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ཆེས་ཕུལ་དུ་བྱུང་བའི་ཕྱི་རྒྱལ་གྱི་གློག་བརྙན་བརྩམས་ཆོས་དང་།  ཆེས་ཕུལ་དུ་བྱུང་བའི་བརྙན་ལེན་པ།  ཆེས་ཕུལ་དུ་བྱུང་བའི་འཁྲབ་ཁྲིད་པ་བཅས་ཀྱི་གཟེངས་རྟགས་ནང་བདམས་ཐོན་བྱུང་བ་མ་ཟད། ཁ་ན་ཏ་ཡི་རྒྱལ་སྤྱི་གློག་བརྙན་དུས་ཆེན་དང་ཨ་རིའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་དུའང་ཚུད་པ་རེད།   

    གློག་བརྙན《སྲིད་པའི་མེ་ཏོག》ཅེས་པ་དེ་ཀླུ་རྒྱལ་རཱ་ཏི་ཡིས་འཁྲབ་ཁྲིད་གནང་ཞིང་།  ཟི་ལིང་མཆོད་རྟེན་དཀར་པོ་སྒྱུ་རྩལ་རིག་གནས་ཚད་ཡོད་ཀུང་སིས་བརྙན་བཏོན་པ་དང་། ཐེན་ཅིན་པིང་ཐང་ཁྲེང་གློག་བརྙན་ལས་རིགས་ཚད་ཡོད་ཀུང་སིས་འགྲེམས་སྤེལ་བྱས་པ་ཞིག་རེད། གློག་བརྙན་འདི་2019ལོའི་ཟླ་11ཚེས་26ཉིན་རྒྱལ་ཡོངས་གློག་བརྙན་ཁང་དུ་དངོས་སུ་བཏང་བ་རེད།