ལྷ་སའི་འདམ་གཞུང་གིས་གནམ་མཚོའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-26   རྩོམ་ཁུངས།    མི་དམངས་དྲ་བ།

        གནམ་མཚོ་ནི་བོད་བརྒྱུད་ནང་བསྟན་གྱི་སྐད་གྲགས་ཆེ་བའི་གནས་མཆོག་ཅིག་ཡིན་ལ། བོད་ལྗོངས་ཀྱི་མཚོ་མོ་ཆེ་གྲས་གཉིས་པ་དང་ཀྲུང་གོའི་ཚྭ་མཚེའུ་ཆེ་གྲས་གསུམ་པ་ཡིན་པའི་ངོས་ནས་དེའི་སྙན་གྲགས་ནི་ཧ་ཅང་ཆེན་པོ་ཡོད་པ་རེད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ལྷག་ཙམ་ཡོད་པའི་གཉན་ཆེན་ཐང་ལྷའི་ན་རྒན་ལ་ཁ་ནས་གནམ་མཚོར་རྒྱང་ལྟ་བྱེད་སྐབས་གནམ་མཚོ་ནི་རིན་ཆེན་ལྷའི་མེ་ལོང་ཆེན་པོ་ཞིག་གནམ་སྔོན་སྤྲིན་དཀར་གྱི་འོག་ཏུ་གནས་པ་དང་མཚུངས།

        གཉན་ཆེན་ཐང་ལྷའི་འདབས་ནི་ཡངས་ཤིང་རྒྱ་ཆེ་བའི་བོད་བྱང་ཐང་ཡིན་ལ། ཤང་ཤང་དུ་འབབ་པའི་ཆུ་མིག་གིས་འགྲོ་བ་རྣམས་གསོ་སྐྱོང་བྱས་ནས་མི་རིགས་ཤིག་གི་གཏམ་རྒྱུད་ངོ་མཚར་ཅན་གྲུབ་ཡོད། འདི་ནི་ལྷ་ས་གྲོང་ཁོངས་གཙོ་བོའི་བྱང་ཕྱོགས་སུ་གནས་པའི་འདམ་གཞུང་རྫོང་ཡིན། གནམ་མཚོའི་མཛེས་ལྗོངས་ལ་སྔ་ས་ནས་སྐད་གྲགས་ཆོད་མོད། འོན་ཀྱང་འདམ་གཞུང་རྫོང་དུ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ནི་གནམ་མཚོ་ཅམ་མིན་པར། གནས་རི་དང་གནས་མཚོ་གནས་པའི་མི་མེད་ཡུལ་གྲུ་དེར་ཁྱེད་ཀྱིས་མི་ཤེས་པའི་དེ་བས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་གནའ་བོའི་ངག་རྒྱུན་མང་པོ་ཡོད་པ་རེད།