སེམས་ཀྱི་ཉི་ཟླ་དང་གཟི་ཚ་སྡེ་དགུ་གཉིས་ཀྱིས་གྲོགས་ཀྱི་འབྲེལ་བ་བཙུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དེ་སྔོན། སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུ་རྫོང་རྟོག་ཞིབ་ཚོགས་པ་དང་བཅས་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་རྟོག་ཞིབ་བགྲོ་གླེང་བྱེད་དུ་ཡོང་ལ།བགྲོ་གླེང་གི་སྐབས་སུ་ཕྱོགས་གཉིས་པོས་མཛའ་གྲོགས་རྫོང་དང་གྲོང་ཁྱེར་གྱི་དམག་འཐབ་མཉམ་ལས་གྲོས་མཐུན་སྒྲོམ་གཞིར་མིང་རྟགས་བཀོད་པ་རེད།

        གཟི་ཚ་སྡེ་དགུ་ནི་སི་ཁྲོན་ཞིང་ཆེན་གྱི་བྱང་རྒྱུད་དུ་ཡོད་པའི་ཡུལ་སྐོར་རྫོང་གྲགས་ཅན་ཞིག་ཡིན་ལ། རྫོང་དེ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་5286ཟིན་ཞིང་། ནགས་ཚལ་དང་རྩྭ་ཐང་གི་ཁྱབ་ཚད་70%ཟིན་ཡོད་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོ་དང་སི་ཁྲོན་ཞིང་ཆེན་གྱི་“རི་བོ་གཉིས་”ཅེས་པའི་རིགས་པའི་གཞུང་ལུགས་ལག་ལེན་གསར་གཏོད་རྟེན་གཞི་དང་པོ་དེ་ཡིན་པ་རེད།རྫོང་དེ་ཡོངས་སུ་ཡུལ་སྐོར་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་དེ།གཟི་ཚ་སྡེ་དགུ་དང་དོམ། སྤྲེའུ་སྤུ་སེར་བཅས་ཀྱི་ཡུལ་སྐོར་རྣམ་གྲངས་དེ་དག་འཛམ་གླིང་དུ་སྙན་གྲགས་ཡོད།དེ་མིན་ད་དུང་ཀྲུང་ཁྲ་ལུང་པ་དང་གནམ་མཚོ། ཀན་ཧའེ་ཙི། ཅ་ཨོའུ་མཚེའུ་སོགས་ཡུལ་སྐོར་ལྗོངས་ཁུལ་མང་བོ་ཡོད་ལ།གཞས་ཞབས་བྲོ། ནན་ཕིང་རོལ་དབྱངས། དོམ་ཁྲའི་ཞབས་བྲོ། སི་ཁྲོན་ནུབ་བྱང་བོད་ཀྱི་རྫི་གླུ་བཅས་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་བཞི་ཡོད་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོ་དང་སི་ཁྲོན་གྱི་ཀྲུང་གོའི་ཡུལ་སྐོར་སྟོབས་ཆེའི་རྫོང་གཅིག་པོ་དེ་ཡིན་པ་རེད།   

        བགྲོ་གླེང་སྐབས་གཟི་ཚ་སྡེ་དགུ་རྫོང་རྟོག་ཞིབ་ཚོགས་པས་སྔ་རྗེས་སུ་སྲོང་བཙན་གླིང་མཛེས་ལྗོངས་ཁུལ་དང་སྲོང་བཙན་གསོལ་མགྲོན་ཁང་།ཤམ་བྷ་ལ་སྤྱི་གླིང་། བདེ་ཆེན་སེམས་ཀྱི་ཉི་ཟླའི་ཇུས་འགོད་ཁང་། དཀྱིལ་འཁོར་སོགས་སུ་ཡུལ་དངོས་ལ་ལྟ་སྐོར་རྟོག་ཞིབ་བྱས་པ་མ་ཟད་ད་དུང་བཞུགས་མོལ་ཚོགས་འདུ་འཚོགས་ནས།ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་ཁྱབ་ཁོངས་ཁྱོན་ཡོངས་ཐད་མཉམ་ལས་ཀྱི་བསམ་བློ་གཅིག་མཐུན་བྱུང་པ་རེད།

        ཕྱོགས་གཉིས་པོས་སེམས་ཀྱི་ཉི་ཟླ་དང་གཟི་ཚ་སྡེ་དགུ་གཉིས་ནི་བོད་ཁུལ་སྐད་གྲགས་ཆེ་བའི་ཡུལ་སྐོར་ས་ཆ་ཡིན་པར་ངོས་འཛིན་བྱས་ཤིང་།  ས་ཆ་དེ་གཉིས་ཀྱི་རིག་གནས་ཕན་ཚུན་འབྲེལ་བ་དང་།འཕེལ་རྒྱས་འགྲོ་ཚད་འདྲ་བ། འབྲེལ་འདྲེས་རྒྱ་ཆེ་བ་བཅས་སོགས་ཀྱི་ཐུན་མོང་གི་ཁྱད་ཆོས་མང་བོ་ཡོད་དེ། རྗེས་མར་ཕྱོགས་རྫོང་གཉིས་ཀྱིས་དཔལ་འབྱོར་དར་རྒྱས་དང་སྤྱི་ཚོགས་ཡར་ཐོན་བརྟན་ལྷིང་ངང་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ་ཡིན་པ་རེད།