ཀུའུ་ཁུན་གྱིས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ལ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་13ཉིན་ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་བརྟག་ཞིབ་གནང་། ཀུའུ་ཁུན་གྱིས་མདོ་འདུ་ལྔ་སྒྲུབ་ནས་རྣམ་གྲངས་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་དགོས་པའི་ནན་བཤད་གནང་། 

ཀུའུ་ཁུན་འཁོར་དང་བཅས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབྲེལ་མཚམས་དང་། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཡང་ཐང་ས་ཚིགས། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཡང་ཐང་ས་ཚིགས། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འབྲི་ཆུའི་ཟམ་ཆེན་དང་། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འབྲི་ཆུའི་ཟམ་ཆེན། ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཁྲང་ཕིང་ཕུག་ལམ་བཅས་སུ་ཕེབས་ནས་འཛུགས་སྐྲུན་ནང་ཞུགས་མཁན་གྱི་མི་སྣར་གཟིགས་སྐྱོང་དང་འཚམས་འདྲི་གནང་སྟེ་རྣམ་གྲངས་ས་ཚིགས་ཁག་གི་ལས་གྲྭའི་འཕེལ་རིམ་གནས་ཚུལ་དང་དེ་བཞིན་ལྷག་པའི་དཀའ་གནད་སྐོར་ལ་རྒྱུས་ལོན་གནང་བ་རེད། ལས་ཡུལ་དངོས་སུ་བརྟག་ཞིབ་མཇུག་འགྲིལ་རྗེས་ཀུའུ་ཁུན་གྱིས་ད་དུང་གསར་སྤེལ་ཆུས་སུ་ཁུལ་དང་དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་ཆེད་དོན་ཚོགས་འདུ་འཚོགས་ཏེ་རྣམ་གྲངས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་བསམ་འཆར་ཉན་ནས་འབྲེལ་ཡོད་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་པ་རེད། 

ཀུའུ་ཁུན་གྱིས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པས་ཆབ་སྲིད་ཀྱི་དོན་སྙིང་དང་། དཔལ་འབྱོར་གྱི་དོན་སྙིང་།     སྤྱི་ཚོགས་ཀྱི་དོན་སྙིང་བཅས་གལ་ཆེན་ལྡན་ཡོད། ལམ་གཉིས་འཛུགས་སྐྲུན་བྱས་པ་དེས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཤུགས་ཆནེ་པོས་ཇེ་ལེགས་སུ་ཕྱིན་ནས་བདེ་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རོགས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་གཅོད་པར་ནུས་པ་གལ་ཆེན་ཐོན་རྒྱུ་རེད།   རྣམ་གྲངས་ལག་བསྟར་བྱས་པ་ནས་བཟུང་། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་མཐོ་གྲང་གཉིས་ལྡན་དང་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་སོགས་ཀྱི་འགལ་རྐྱེན་ཁྱད་བསད་བྱས་པ་དང་རྣམ་གྲངས་སྤྱི་ཡོངས་ལ་སྐུལ་འདེད་བདེ་བླག་བྱུང་བ་དེར་ཁོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་དང་དེ་བཞིན་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་འཛུགས་སྐྲུན་པ་ཚོར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཞེས་བསྟན་པ་རེད།  

ཀུའུ་ཁུན་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། 2020ལོར་ལམ་གཉིས་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་བྱེད་དགོས་པ་དང་། མིག་སྔར་ད་དུང་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་དགོས་པས་སྡེ་ཚན་ཁག་གིས་ཕྱར་བ་གྲུ་འདེགས་དང་འགག་སྒྲོལ་དཀའ་སེལ་གྱིས་རྣམ་གྲངས་དུས་བཀག་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་དགོས་ཞེས་ནན་བཤད་གནང་བ་རེད།      སླད་ཕྱིན་གྱི་ལས་ཀའི་ཁྲོད་མདོ་འདུ་ལྔ་བྱེད་དགོས་པ་སྟེ། གཅིག་ནི་དམིགས་ཚད་ལས་འགན་ལ་དམིགས་དགོས། རྣམ་གྲངས་ས་ཚིགས་ཁག་གིས་གཏན་འཁེལ་བྱས་པའི་ལས་མཇུག་འགྲིལ་བའི་ལས་ཡུན་གྱི་ལས་འགན་གཞིར་བཟུང་སྟེ་འགན་འཁྲི་མི་ཐོག་ཏུ་དོན་འཁྱོལ་བྱས་ནས་ལས་དོན་ཁག་དུས་ཐོག་དང་གོ་རིམ་ལྟར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས།  གཉིས་ནི་ལས་ཀའི་ཁྲོད་ཀྱི་དཀའ་གནད་ལ་དམ་པོར་དམིགས་དགོས། འཛུགས་སྐྲུན་སྡེ་ཁག་གིས་རྒྱལ་ནང་གི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་གང་ཐུབ་བྱེད་པ་དང་། ལག་རྩལ་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ། ལྷག་པར་དུ་རྣམ་གྲངས་ཧྲིལ་པོའི་ནང་གི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྒྲིག་འཛུགས་བྱས་ནས་མི་སྣ་ཧྲག་སྒྲུག་གིས་འགག་སྒྲོལ་བྱས་ཏེ་རྣམ་གྲངས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། གསུམ་ནི་ཞབས་ཞུར་དམིགས་དགོས། རིམ་ཁག་ཏང་ཨུ་དང་སྲིད་གཞུང་སྡེ་ཚན་གྱིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་ཁེ་ལས་དང་འབྲེལ་གཏུག་དང་མཉམ་ལས་བྱེད་པའི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་ཀྱི་དུས་རྗེས་འཕྲད་པའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱེད་དགོས། དགོས་ངེས་ཀྱི་འགྲོ་ལུགས་དག་ཁྲིམས་ལྟར་དུས་ཚོད་ཐུང་ཤོས་ནང་གཉེར་དགོས་པ་དང་མཐུན་སྦྱོར་བྱེད་དགོས་པའི་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་ལས་ཆོད་སྔོན་ལ་མཚོན་ཐུབ་པ་བྱེད་དགོས།   བཞི་ནི་གོམ་མཉམ་གཉིས་ལ་མདོ་འདུ་བྱེད་དགོས། རྣམ་གྲངས་དེ་གཉིས་འཛུགས་སྐྲུན་བྱེད་པར་དུས་གཅིག་ཏུ་སྐུལ་འདེད་གཏོང་བ་དང་ལས་གྲྭ་འཛུགས་སྐྲུན་དང་དེ་བཞིན་མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་སླར་གསོ་དང་བཅོས་སྒྲིག་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་སྟེ་ལས་གྲྭ་ལེགས་འགྲུབ་བྱུང་རྗེས་བདེ་ཆེན་གྱི་ཆུ་བོ་གཙང་ཞིང་རི་སྔོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས།  ལྔ་ནི་བདེ་འཇགས་ལ་དམིགས་དགོས། ལས་ཡུན་དམ་འཛིན་བྱེད་པ་དང་ཆབས་ཅིག་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་དོ་དམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཁེ་ལས་ཀྱི་གཟུགས་བརྙན་བཟང་པོ་གཏོད་དགོས། 

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་ཡུས་ཧྲེང་ཞང་།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚའེ་ཝུའུ་ཁྲེང་དང་ལི་ཆིང་ཕེ་སོགས་འགོ་ཁྲིད་བརྟག་ཞིབ་ནང་ཞུགས་ཡོད།