ཀྲུང་གོའི་བོད་ལུགས་གསོ་རིག་སློབ་ཆེན་དང་པོ་བཙུགས་ནས་ལོ་30སོང་རིང་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་7000ལྷག་ཙམ་གསོ་སྐྱོང་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-20   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ11པའི་ཚེས་16ཉིན་བོད་ལྗོངས་ལྷ་ས་རུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱིས་སློབ་གྲྭ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ་རེད། ཀྲུང་གོའི་བོད་ལུགས་གསོ་རིག་སློབ་ཆེན་དང་པོ་ཡིན་པའི་ངོས་ནས་ལོ་30ཡི་རིང་སློབ་གྲྭ་དེས་རིམ་རྩིས་བྱས་ན་སྤྱི་ཚོགས་ལ་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་7000ལྷག་ཙམ་གསོ་སྐྱོང་བྱས་ཡོད། 
     བོད་ལུགས་གསོ་རིག་ནི་བོད་ནས་བྱུང་བ་དང་། དེ་ནི་ཀྲུང་གོའི་མཚོ་བོད་ས་མཐོའི་རང་བྱུང་ཚན་རིག་དང་། ཚེ་སྲོག་ཚན་རིག མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་བཅས་ཀྱི་ལག་ལེན་གྱི་ཉིང་བཅུད་ཡིན་ལ། ཀྲུང་གོའི་གནའ་རབས་གསོ་རིག་ཚན་རིག་གི་མཆོག་ནོར་ཞིག་ཀྱང་ཡིན་པས་ད་བར་ལོ་3800ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 
     བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་ཉི་མ་ཚེ་རིང་ལགས་ཀྱིས་དུས་ཡུན་རིང་པོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་བོད་ལུགས་གསོ་རིག་ལ་རྒྱུན་འཛིན་གྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བ། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། རིག་གཞུང་ཚན་ཁག་ཆ་ཚང་བ། སྨན་བཅོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། རིག་གནས་ཀྱི་གཞི་རྟེན་སྣ་མང་བ་བཅས་ཀྱི་ཁྱད་ཆོས་ཆགས་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ཅེས་གསུངས་པ་རེད། 
     བོད་ལྗོངས་བོད་ལུགས་གསོ་རིག་གི་སྔ་མིང་ནི་བོད་ལྗོངས་སློབ་ཆེན་གྱི་བོད་ལུགས་གསོ་རིག་སློབ་གླིང་ཡིན་ཞིང་། 1989ལོར་བཙུགས་པ་དང་། 1993ལོར་ལོགས་སུ་བཀར་ནས་ལྕགས་པོ་རི་བོད་ལུགས་གསོ་རིག་སློབ་གླིང་བཙུགས་ལ། 2001ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ཞེས་པའི་མིང་དུ་བསྒྱུར། 2018ལོར་ད་ལྟའི་མིང་འདི་ལ་བསྒྱུར་བ་རེད། 
     ལོ་30ཡི་གོང་། ཀྲུང་གོའི་བོད་ལུགས་གསོ་རིག་སློབ་ཆེན་དང་པོ་དེ་དངོས་སུ་བཙུགས་རྗེས་ཀྲུང་གོའི་བོད་ལུགས་གསོ་རིག་སློབ་གསོའི་སྟོང་ཆ་བསྐངས་ནས་དེང་རབས་མཐོ་རིམ་བོད་ལུགས་གསོ་རིག་སློབ་གསོའི་ཐོག་མའི་དར་སྤེལ་བྱེད་མཁན་དུ་གྱུར། 
     ཀྲུང་གོ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་སློབ་གསོ་སིའི་སི་ཀྲང་གཞོན་པ་ཀྲང་ཤིན་ཞ་ཡིས་བོད་ལུགས་གསོ་རིག་ནི་བོད་ཀྱི་གཞི་རྩའི་སྨན་བཅོས་དང་། ཁྱད་ལྡན་དཔལ་འབྱོར། གསར་གཏོད་ཚན་རྩལ། ཕུལ་བྱུང་རིག་གནས། ས་མཐོའི་སྣོད་བཅུད་ཐོན་ཁུངས་བཅས་གལ་ཆེན་ཞིག་ཡིན་པ་དང་ལོ་1000ལྷག་ཙམ་རིང་བོད་ཀྱི་གཞི་རིམ་སྨན་བཅོས་ཀྱི་སྨན་བཅོས་ཞབས་ཞུའི་རྣམ་པ་གཙོ་བོ་རེད་ཅེས་གསུངས། 
     ཀྲང་ཤིན་ཞ་ཡིས་བོད་ལུགས་གསོ་བ་རིག་པས་བོད་ས་གནས་སུ་ནུས་པ་གལ་ཆེན་བཏོན་པ་མ་ཟད། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ནང་ས་དང་འཛམ་གླིང་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་བོད་རིགས་ས་ཁུལ་དུ་བོད་ལུགས་གསོ་རིག་ཞབས་ཞུའི་མ་ལག་ཆ་ཚང་ཞིང་ནུས་ལྡན་པ་ཞིག་ཆགས་ཡོད་ཅེས་པའི་ངོས་འཛིན་གནང་། 
     དོན་གྲུབ་ལགས་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཚན་ཞིབ་ཁྲུའུ་ཁྲུའུ་ཀྲང་ཡིན་ཞིང་། སློབ་མ་ནས་དགེ་རྒན་དུ་གྱུར་བའི་བར་སློབ་ཆེན་འདིའི་ལོ་སུམ་ཅུའི་འགྱུར་ལྡོག་བརྒྱུད་མྱོང་ཡོད། 1990ལོར་ཁོང་སློབ་གྲྭ་ནས་མཐར་ཕྱིན་རྗེས་སློབ་གྲྭ་འདི་རུ་དགེ་རྒན་གནང་བ་དང་། སྐབས་དེར་བོད་ལུགས་གསོ་རིག་གི་འཕྲོད་སྦྱོར་རིག་པ་ཁྲིད་པ་རེད། སློབ་གྲྭ་བཙུགས་པའི་དུས་འགོར་འབྲིང་རིམ་ཆེད་ལས་ཚན་ཁག་དང་དངོས་གཞིའི་ཚན་ཁག་གི་སློབ་མ་ཁྱོན་བསྡོམས་500ཡང་ཟིན་གྱི་མེད། ད་ཆ་རིམ་རྩིས་བྱས་ན་སྤྱི་ཚོགས་ལ་སློབ་མ་7000ལྷག་གསོ་སྐྱོང་བྱས་ཡོད། 
    ཁོང་གིས་ད་ཆ་སློབ་གྲྭའི་ཆེད་ལས་ཞིབ་ཚགས་སུ་ཕྱིན་ནས་དང་ཐོག་སློབ་ཚན་10ལྷག་ཙམ་ནས་ད་ལྟར་སློབ་ཚན་20ལྷག་ཙམ་ལ་མང་དུ་ཕྱིན་ཡོད་གསུངས།