མཚོ་སྔོན་ཡུལ་ཤུལ་གྱི་བོད་གྲི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-20   རྩོམ་ཁུངས།    མི་དམངས་དྲ་བ།

 

    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྨར་ཁྲ་བོད་གྲིའི་བཟོ་རྩལ་ལ་ད་ལྟའི་བར་དུ་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ལ།  བོད་གྲི་དེ་བཟོ་ན་ཁྱད་པར་ཅན་གྱི་རྒྱུ་ཆ་དང་ལག་རྩལ་ལྡན་དགོས་པ་མ་ཟད། རྒྱུན་དུ་གསེར་དང་། དངུལ། ཟངས་དམར། ལི་སེར། ཤིང་ཆ། ལྕགས། གླང་རྭ་སོགས་ཀྱི་རྒྱུ་ཆ་ཡང་དགོས། སྨར་ཁྲ་བོད་གྲིའི་སྤུས་ཀ་དང་བཟོ་ལྟ་ལེགས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།

    ད་ལྟ་ལོ51ལ་སོན་པའི་དཀོན་མཆོག་ཕུན་ཚོགས་ནི་སྨར་ཁྲ་བོད་གྲི་རྒྱུད་འཛིན་བྱེད་པའི་མི་རབས་བཞི་བ་ཡིན་ལ།  བོད་རིགས་ཀྱི་བཟོ་རྩལ་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་ཏུ་ཁོང་གིས་སློབ་མ་མང་པོ་བསྐྱངས་ཏེ་རང་གི་ལག་རྩལ་རྒྱུན་འཛིན་བྱེད་དུ་འཇུག་པ་དང་། ད་དུང་བོད་གྲི་བཟོ་བའི་ལག་རྩལ་དེ་རིན་མི་དགོས་པར་ཞིང་འབྲོག་མང་ཚོགས་ལ་བསླབ་པ་རེད།  ད་ལྟའི་བར་དུ་ཁོང་གིས་བསྡོམས་པས་མི་བརྒྱ་ལྷག་ཙམ་ལ་བོད་གྲི་བཟོ་རྩལ་བསླབས་ནས་ཉེ་འཁོར་གྱི་གྲོང་མི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་དུ་བཅུག །