རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-19   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།
སྤྱི་ཟླ11པའི་ཚེས15ཉིན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་དང་མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་འགན་སྒྲུབ་གནང་བའི་བོད་ཡིག་ཡིག་གཟུགས་སློབ་དེབ་འཛུགས་སྐྲུན་སྐོར་གྱི་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས།
ཐེངས་འདིའི་ཚོགས་འདུར་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་ཞིང་ཆེན་བསླབ་གཞི་རྩོམ་སྒྱུར་ལྟེ་གནས། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་། མཚོ་སྔོན་ཞིང་ཆེན་ནང་བསྟན་སློབ་གླིང་། ལན་ཀྲིག་འབྲུག་ཆུ་སློབ་འབྲིང་སོགས་སློབ་གྲྭ་ཆེ་འབྲིང་དང་སྤྱི་ཚོགས་ལས་རིགས་སོ་སོ་ནས་ཕེབས་པའི་ཡིག་གཟུགས་ཆེད་མཁས་པ་དང་དགེ་རྒན30ལྷག་འཛོམས་ཏེ། བོད་ཡིག་ཡིག་གཟུགས་ཀྱི་སློབ་དེབ་འཛུགས་སྐྲུན་དང་བོད་ཡིག་ཡིག་གཟུགས་ཀྱི་རིག་ཚན་འཛུགས་སྐྲུན། བོད་ཡིག་ཡིག་གཟུགས་ཀྱི་སློབ་ཁྲིད་བཅོས་བསྒྱུར། དེ་མིན་བོད་ཡིག་ཡིག་གཟུགས་ཀྱི་གསོ་སྦྱོང་དང་བྲིས་རྒྱུན། ཡི་གེའི་ཐིག་ཚད། སྡེར་ནང་ས་བྲིས་སོགས་ཀྱི་བརྗོད་གཞིའི་ཐད་ནས་བགྲོ་གླེང་ཕུན་སུམ་ཚོགས་པ་བྱས་ཏེ། བོད་ཡིག་ཡིག་གཟུགས་སློབ་དེབ་འཛུགས་སྐྲུན་ཐད་གཅིག་མཐུན་གྱི་ལྟ་ཚུལ་བྱུང་།
ཐེངས་འདིའི་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་སྤེལ་དང་སྲུང་སྐྱོབ་སྐོར་གྱི་གསུངས་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་བའི་རྒྱལ་ཡོངས་མཐོ་རིམ་དངོས་གཞི་སློབ་གསོའི་ཚོགས་ཆེན་གྱི་དགོངས་པ་དང་མཚོ་སྔོན་སློབ་གསོ་བྱ་བའི་ཚོགས་ཆེན་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་ཆེད་ལས་རྩེ་གྲ་དང་བསླབ་ཚན་རྩེ་གྲ་འཛུགས་སྐྲུན་བྱེད་པ་བཅས་ལ་དམིགས་ནས་སྤེལ་བ་ཞིག་རེད།
མཇུག་མཐར། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཁག་གི་དགེ་རྒན་དོན་གྲུབ་ཚེ་རིང་གིས་ཚོགས་འདུར་སྤྱི་སྡོམ་གནང་།