ཐེམ་ཆེན་རྫོང་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-15   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

 

    སྡེ་ཁུལ་གྱི་གཞོན་ནུ་ལོ་ཆུང་དང་བྱིས་པ་ཚོའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་ལ་ངོས་འཛིན་དང་སྤྱི་ཚོགས་ཀྱིས་ཤུལ་བཞག་རིག་གནས་ལ་དོ་ཁུར། མི་རེ་རེ་ནས་ཐུན་མིན་གྱི་སྲོལ་རྒྱུན་རིག་གནས་ལ་གཅེས་སྤྲས་བྱེད་ཆེད། མཁར་ནུབ་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ཉེ་བའི་ཆར། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས”ཞེས་པའི་བརྗོད་དོན་སློབ་གསོ་དང་འབྲེལ་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་བྱེད་སྒོ་སྤེལ།

    བྱེད་སྒོ་ལ་རྫོང་ཡོངས་ཀྱི་ལོ8ནས15བར་གྱི་ལོ་ཆུང་གཞོན་ནུ་དག་ཞུགས་པ་ཡིན་ལ། སྡེ་ཁུལ་གྱི་ལས་བྱེད་མི་སྣས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རིགས་དབྱེ་དང་གྲུབ་ཆ། དགེ་མཚན་བཅས་ཀྱི་ཕྱོགས་ནས་གསལ་འགྲེལ་བྱས། འགྲན་ཞུགས་པ་རྡོ་རྗེ་མཚོ་མོས་བཤད་རྒྱུར་མཁར་ནུབ་སྡེ་ཁུལ་གྱིས་སྟེགས་བུ་འདི་འདྲ་ཞིག་མཁོ་སྤྲོད་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། འདི་ལས་ལོ་ཆུང་བྱིས་པ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་པའི་གོ་སྐབས་ཐོབ་ཐུབ་པ་མ་ཟད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་བྱ་འདོད་ཀྱི་ངེས་ཤེས་ཀྱང་རྙེད་ཐུབ་ལ། རྗེས་ཕྱོགས་ཀྱང་འདི་ལྟ་བུའི་བྱ་འགུལ་ལ་ཞུགས་འདོད་ཀྱི་སྤྲོ་བ་ཡང་ཡང་འཕེལ་བྱུང་ཟེར།     ཐེངས་འདིའི་བོད་བཟོའི་ལག་རྩལ་འགྲེམས་སྟོན་བྱ་འགུལ་ལས། ལོ་ཆུང་གཞོན་ནུ་ཚོས་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་དགོས་པའི་གལ་ཆེའི་རང་བཞིན་ལ་གོ་བ་ཟབ་མོ་ལོན་ཡོད་པའི་ཁར་རོལ་མྱོང་ཀྱང་ཕུན་སུམ་ཚོགས་པ་ཞིག་བྱས་ཡོད་པས། མུ་མཐུད་དུ་སྲོལ་རྒྱུན་ཤུལ་བཞག་རིག་གནས་ཀྱི་བྱ་འགུལ་སྤེལ་བའི་ཕྱོགས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།