ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་སྨོན་ལམ་གྱི་གླུ་དབྱངས། བརྩེ་བའི་རྒྱན་ཆ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-14   རྩོམ་ཁུངས།   


བརྩེ་བའི་རྒྱན་ཆ།

ཚིག སེར་ཤུལ་རབ་གསལ།

དབྱངས། བློ་གསལ།

ལེན་མཁན། སྨོན་ལམ་མཐར་ཕྱིན།

ང་ཡི་སྙིང་གཏམ་པི་ཝང་སྙན་མོ་ཡིན།།

ཁྱེད་ཀྱིས་ཉན་ན་འདོད་པའི་སྐད་དེ་ཡིན།།

ཚིག་དང་དབྱངས་ལ་འགྱུར་བ་མ་བཏང་བར།།

བརྩེ་བའི་གཞས་འདི་ཁྱེད་ལ་ལེན་བཞིན་ཡོད།།

བདག་གི་སེམས་འདི་ཀ་ཁའི་དབྱངས་རྟ་ཡིན།།

ཁྱེད་ཀྱིས་ལེན་ན་འདོད་པའི་དབྱངས་དེ་ཡིན།།

རྒྱུད་དྲུག་པི་ཝང་དཀར་པོས་རམ་འདེགས་ཡོད།།

སེམས་ཀྱི་དབྱངས་འདི་ཁྱེད་ལ་འབུལ་ནས་ཡོད།།

སྙིང་གཏམ་པི་ཝང་ཕན་ཚུན་དཀྲོལ་ཞོར་དུ།།

སེམས་ཀྱི་དབྱངས་རྟ་ང་ཚོས་ཁྱེད་ལ་ལེན།།

དབྱངས་དང་པི་ཝང་ཨ་འགྲིག་ཆ་འགྲིག་རེད།།

ཨ་འགྲིག་ཆ་འགྲིག་བརྩེ་བའི་རྒྱན་ཆ་ཡིན།།