ཟས་རིགས་འདི་དག་ཟོས་ན་ངོ་མདོག་ཇེ་ཡག་ཏུ་གཏོང་ཐུབ་ཟེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-14   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        སྒོ་ངའི་སེར་རིལ། སྒོ་ངའི་སེར་རིལ་ནང་དུ་འཚོ་བཅུདAཡི་འདྲེས་ཚད་ཧ་ཅང་མཐོ་བས་རོ་ཙ་དང་ལུས་ཁམས་གསོ་བར་ཕན་ཞིང་། སྒོ་ངའི་ནང་དུ་ད་དུང་འཚོ་བཅུད་དང་སྤྲི་དཀར་གྱི་རིགས་འདུས་པས། ལུས་པོའི་ཁྲག་ཤེད་སྙོམས་སྒྲིག་དང་ངོ་མདོག་ཇེ་ཡག་ཏུ་ཡོང་བ། ལུས་ཟུངས་གསོ་བ་བཅས་ཀྱི་ཕྱོགས་སུ་ནུས་པ་གལ་ཆེན་ལྡན།

        ལ་སེར། ལ་སེར་ནང་དུ་ཕུན་སུམ་ཚོགས་པའི་འཚོ་བཅུདAའདྲེས་ཡོད་པ་དང་། ལ་སེར་ནང་གི་འཚོ་བཅུད་ཀྱིས་ཤ་པགས་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་པས། ཉིན་རེར་ལ་སེར་རན་ཙམ་ཟོས་ན་གདོང་གི་ནག་ཐིག་མེད་པར་གཏོང་ཐུབ།

        འོ་མ། འོ་མ་དང་སྒོ་ང་ནི་མིའི་རིགས་ཀྱི་འཚོ་བཅུད་ཀྱི་ཡོང་ཁུངས་གཙོ་བོ་ཡིན། ལྷག་པར་འོ་མའི་ནང་གི་ཀལ(钙) རྒྱུ་འདྲེས་ཚད་ཧ་ཅང་མཐོ། འོ་མའི་ནང་དུ་འཚོ་བཅུདAམང་བས་ཤ་པགས་ཇེ་ཡག་ཏུ་གཏོང་ཐུབ་པ་དང་། འོ་མ་མང་པོ་བཏུངས་ན་ཤ་པགས་སྐམ་པ་དང་ངོ་མདངས་མི་ཡག་པ་ལེགས་བཅོས་བྱེད་ཐུབ། དུས་རྒྱུན་དུ་འོ་མ་བཏུངས་ན་ངོ་མདངས་ཇེ་དཀར་དང་ཇེ་ཡག་ལ་ཡོང་ཐུབ།

        ཀྲོ་མ་ཀྲུ། ཀྲོ་མ་ཀྲུ་ལ་དྭངས་བསིལ་སྐོམ་སེལ་དང་ལུས་ཁམས་དང་ཟུངས་ཁྲག་གསོ་བའི་ནུས་པ་ལྡན་པར་མ་ཟད། ད་དུང་ཤ་པགས་ཇེ་འཇམ་དུ་གཏོང་བའི་ནུས་པ་ལེགས་པོ་ཡོད། ཀྲོ་མ་ཀྲུའི་ནང་དུ་ལ་སེར་གྱི་བཅུད་ཕུན་སུམ་ཚོགས་པོ་འདུས་པས། ཟོས་རྗེས་འཚོ་བཅུདAལ་འགྱུར་བ་དང་། འཚོ་བཅུདAཡིས་ཤ་པགས་སྟེང་གི་གཉེར་མ་མེད་པར་བཟོ་ཐུབ་ལ། ད་དུང་ཤ་པགས་ཇེ་འཇམ་དུ་གཏོང་ཐུབ།

 

        ཞོག་ཁོག་མངར་མོ། ཞོག་ཁོག་མངར་མོའི་ནང་དུ་ལ་སེར་གྱི་བཅུད་ཕུན་སུམ་ཚོགས་པོ་ལྡན། མིས་ཞོག་ཁོག་དམར་མོ་ཟོས་ན་འཚོ་བཅུདAལ་འགྱུར་བས་ལུས་པོའི་གློ་ཚ་དང་ཁོག་ཚ་ལེན་ཐུབ་པ་དང་། ལུས་པོ་ཇེ་བཟང་དུ་གཏོང་བ་བཅས་ཀྱི་ནུས་པ་ལྡན་པར་མ་ཟད། ལུས་པོ་ཇེ་བཟང་དུ་ཡོང་བ་དང་མིའི་ཤ་པགས་ཇེ་ཡག་ཏུ་གཏོང་ཐུབ།

        ཕག་གི་མཆིན་པ། ཕག་གི་མཆིན་པའི་ནང་དུ་ཕུན་སུམ་ཚོགས་པའི་འཚོ་བཅུདAའདྲེས་ཡོད་པར་མ་ཟད། ད་དུང་ཕུན་སུམ་ཚོགས་པོའི་ལྕགས་དང་ལིན་སོགས་ཁྲག་བཟོ་འཚོ་བཅུད་གལ་ཆེན་འདྲེས་ཡོད། དེ་དག་འཚོ་བཅུདAདང་མཉམ་དུ་འདྲེས་རྗེས་མིའི་ལུས་པོར་མཚོན་ན་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་ལ། དེ་བཞིན་དུ་བདེ་ཐང་ཅན་གྱི་ངོ་མདངས་ཡག་པོ་རྒྱུན་འཛིན་བྱེད་ཐུབ།

        མ་རྨོས་ལོ་ཏོག མ་རྨོས་ལོ་ཏོག་ནི་རྒས་པ་འགོག་པའི་ཟས་རིགས་ཤིག་ཡིན་ལ། ཟས་རིགས་དེའི་ནང་དུ་ལ་སེར་གྱི་བཅུད་མང་པོ་འདྲེས་ཡོད་པ་དང་། མ་རྨོས་ལོ་ཏོག་སེར་པོའི་ནང་གི་ལ་སེར་གྱི་བཅུད་འདྲེས་ཚད་དེ་བས་ཀྱང་མཐོ་འདུག མིའི་ལུས་པོས་ལ་སེར་གྱི་འཚོ་བཅུད་སྡུད་ལེན་བྱས་རྗེས་འཚོ་བཅུདAལ་གྱུར་ཏེ་ཤ་པགས་ཡག་པོར་གཏོང་ཐུབ།  །