མཚོ་སྔོན་གྱི་མགོ་ལོག་དུ་འབྲོག་པས་དགུན་སྒྲོལ་རྩྭ་གྲབས་གསོག་བྱེད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-13   རྩོམ་ཁུངས།    མི་དམངས་དྲ་བ།

        ཉེ་ཆར། མཚོ་སྔོན་ལྷོ་རྒྱུད་དུ་གཞི་རྒྱ་ཆེ་བའི་གངས་བབས་པ་དང་དྲོ་ཚད་ཆགས་པའི་གནམ་གཤིས་བསྟན་ཞིང་། གནམ་གཤིས་འགྱུར་ལྡོག་གིས་ཞིང་འབྲོག་ལས་ལ་ཤུགས་རྐྱེན་བཟོ་བར་ཁ་གཏད་གཅོག་ཆེད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་འབྲོག་པས་དགུན་སྒྲོལ་རྩྭ་གྲབས་གསོག་བྱས་ནས། སྒོ་ཕྱུགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་རྒྱུ་འགན་སྲུང་བྱས་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཤང་གི་འབྲོག་པས་རྩྭ་འདེབས་གསོ་རྟེན་གཞི་ནས་རྩྭ་སྐྱེལ་འདྲེན་བྱེད་བཞིན་པ།