སྨན་ནུས་མི་འདྲ་བ་ལ་སྨན་གཏོང་བའི་དུས་ཚོད་ཀྱང་མི་འདྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-11   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        ལུས་ཟུངས་གསོ་བའི་སྨན།  ཞོགས་པ་ཁ་ལག་མ་བཟས་གོང་ངམ་དགོང་མོ་ཉལ་ཁར་གཏོང་དགོས། དེ་ལྟར་བཏང་བས། སྨན་གྱི་ནུས་པ་དེ་བས་ལྷག་པ་ཐོན་ཐུབ་ཀྱི་ཡོད།

        ཁྲག་ཤེད་གཅོག་པའི་སྨན། སྨན་དེ་རིགས་སྤྱིར་ན་ཉིན་རེར་ཐེངས་གསུམ་གཏོང་དགོས་མོད། འོན་ཏེ་ཉལ་ཁར་གཏོང་རྒྱུ་མེད།།

        གཉིད་ཁུག་པ་དང་། འཇམ་བཤལ།  ཁོག་པའི་ནང་གི་གཞན་རྟེན་སྲིན་འབུ་གསོད་པ་སོགས་ཀྱི་སྨན།  སྤྱིར་བཏང་བྱས་ན། དགོང་མོ་མ་ཉལ་གོང་གི་ཆུ་ཚོད་ཕྱེད་ཀའི་སྔོན་ལ་གཏོང་དགོས།  ཡིན་ནའང་། སྨན་འགའ་རེ་དཔེར་ན། ནུས་པ་ཧ་ཅང་ཐོན་མགྱོགས་པའི་སྨན་ཏེ་བཤལ་སྨན་ལ་སོགས་ཡིན་ན། ཞོགས་པའི་ཁ་ལག་མ་བཟས་གོང་གཏོང་དགོས།

        འཚོ་བཅུད་གསབ་བྱེད་ཀྱི་སྨན།  སྤྱིར་བཏང་དུ་ཞོགས་ཇ་དང་། དྲོད་ཇ། དགོང་ཇ་འཐུང་བའི་སྐབས་སུ་གཏོང་དགོས། 

        ཟས་འཇུ་བའི་སྨན། ལྟོ་ཟས་མ་བཟས་གོང་གི་སྐར་མ་10ཡི་ནང་ཚུན་དུ་གཏོང་དགོས། དེ་ལྟར་བཏང་ན། ཟས་ཀྱི་དང་ག་ལེགས་པར་འབྱེད་ཐུབ་ལ་ཟས་འཇུ་བར་ཡང་ཕན་ཐོགས་ཡོད།