རྐང་འཁོར་བཞོན་པའི་ཕན་ནུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-05   རྩོམ་ཁུངས།    བོད་ཁུལ་གསོ་རིག་གླེང་སྟེགས།

       ཨ་རིའི་བདེ་ཐང་ཉིན་མོ་ཞེས་པའི་དྲ་ཚིགས་སུ། ཞིབ་འཇུག་པས་སྐྱེས་པ་ཁྲི་75ལ་ཞིབ་འཇུག་བྱས་པ་ལས་གསལ་བར། རྐང་འཁོར་བཞོན་པ་དང་རྒྱུག་ཤར་ལ་དགའ་བའི་གཞོན་ནུ་རྣམས་དར་མའི་ལོ་ཚོད་དུ་སླེབས་སྐབས། སྙིང་ནད་ཕོག་པའི་ཉེན་ཁ་ཆུང་བ་ཡོད་པ་ལས། རྐང་འཁོར་བཞོན་པ་དང་རྒྱུག་ཤར་གློད་པ་སོགས་ཀྱི་ལུས་སྦྱོང་བྱས་ན་སྙིང་ནད་མ་ཕོག་སྔོན་འགོག་ཐུབ་པ་ཤེས་ཡོད། དེར་བརྟེན་དུས་ཁོམ་བྱུང་ཚེ་རྐང་འཁོར་བཞོན་པ་དང་། རྒྱུག་ཤར་གློད་པ། ཆུ་རྐྱལ་རྒྱག་པ་སོགས་བྱས་ན་ཕན་ཐོགས་ཆེན་པོ་ཡོད།

       དེ་ཡང་ཉིན་ལྟར་རྐང་འཁོར་ཆུ་ཚོད་གཅིག་ཡན་བཞོན་ན་ལུས་ཤ་སྐམ་དུ་གཏོང་ཐུབ་པ་མ་ཟད། ཁྲག་འཁོར་རྒྱུག་ལེགས་སུ་འགྲོ་བ་དང་། གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད་སྔོན་འགོག་ལ་ཕན་ཐོགས་ཡོད།