མྱི་ཟུར་གྲོང་ཚོ་ནས་ནགས་སྲུང་མེ་ཟོན་གྱི་སྐོར་སྐྱོད་འཁྲབ་སྟོན་བྱས།

རྩོམ་པ་པོ།   དབྱང་ཧྲི་རོང་།  ཡིག་བསྒྱུར།       དུས་ཚོད།   2019-11-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      2019ལོའི་ཟླ11པའི་ཚེས་2ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་སོ་སོ་དང་ནགས་ར་ཁག་གིས་རོགས་གཉེར་བྱས་པ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་སྒྲུབ་གཉེར་འཁུར་བའི་2019ལོའི་དགུན་དུས་ཀྱི་ནགས་སྲུང་མེ་ཟོན་སྐོར་སྐྱོད་འཁྲབ་སྟོན་དེ་མྱི་ཟུར་གྲོང་ཚོ་ནས་བསྡུས་ཤིང་། འཁྲབ་སྟོན་པ་ཚོས་དབུལ་སྒྲོལ་འགག་སྒྲོལ་དང་། ནག་སེལ་ངན་འཇོམས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། ནགས་ཚལ་སྲུང་སྐྱོང་། དྲིན་གཟོའི་སློབ་གསོ་སོགས་བརྗོད་དོན་ཡིན་པའི་ལེ་ཚན་འཁྲབ་སྟོན་བྱས་ཤིང་།ཉིན་དེར་ལྟད་མོ་ལྟ་མཁན་ཡུལ་མི་སྤུན་མཆེད་90ལྷག་འཛོམས་ཡོད་པ་དང་། ལོ་ན་ཆེ་ཤོས་ལོ85དང་ཆུང་ཤོས་ལོ་3ཡིན་པ་རེད།


བུ་མོ་སྤུན་ལྔས་གར་གྱི་སྟངས་སྟབས་མངོན་པ།

ལག་གདེང་སྦྲེལ་ནས་སྐྱིད་པའི་གར་ལ་རོལ།

དབྱངས་རྟ་སྙན་མོ་རྣ་བའི་གསོས་སུ་འགྱུར།

སྙན་པའི་གཞས་ཀྱིས་ཀུན་གྱིས་ཡིད་དབང་བཀུག

འཁྲབ་སྟོན་ལ་གཟིགས་མཁན་གྱི་རྒྱ་ཆེའི་མང་ཚོགས།

རྒྱ་ཆེའི་མང་ཚོགས་དང་འཁྲབ་སྟོན་པ་ཡོངས་ཀྱི་དྲན་གསོའི་མཉམ་པར།