པདྨ་རི་བོའི་སྟོན་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-11-01   རྩོམ་ཁུངས།    ེསེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    པདྨ་རི་བོ་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འཇོལ་རྫོང་གི་ཁོངས་སུ་ཆགས་ཡོད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིད་5430ཡོད། འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན་སྟེ། སྤྲེའུ་སྤུ་སེར་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་བོའི་རི་སྐྱེས་སྲོགས་ཆགས་ཡོད་ལ། སྟག་དང་དོམ། གླ་བ་སོགས་རྒྱལ་ཁབ་ཀྱི་རྩ་ཆེའི་སྲུང་སྐྱོབ་སྲོག་ཆགས་མང་བོ་ཡོད་པ་རེད། 

    ཡུལ་འདི་ཡང་བདེ་ཆེན་ཁུལ་གྱི་ལྗོངས་ཁུལ་གྲགས་ཅན་ཞིག་ཡིན་སྟེ། དུས་བཞིའི་འགྱུར་བ་མི་འདྲ་བའི་ཁྲོད་ལྗོངས་ཁུལ་གྱི་མཛེས་ལྗོངས་ལ་ཡང་སྔོན་གསལ་དོད་པའི་འགྱུར་ལྡོག་ཆེན་པོ་ཡོད་པ་རེད། ནམ་ཟླ་སྟོན་ཀ་སླེབས་པ་ན། པདྨ་རི་བོ་ནི་རི་མོ་བའི་པིར་རྩལ་ལས་འཁྲུངས་པའི་སྣུམ་ཚོན་རི་མོ་ཞིག་དང་གཉིས་སུ་མ་མཆིས་ཏེ། ཡུལ་སྐོར་བ་མང་བོའི་མིག་དབང་འཕྲོག་ཅིང་ཡིད་དབང་བཀུག་པ་རེད།