རིག་རྩལ་བྱེད་སྒོས་འཇོལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        འཇོལ་རྫོང་ནས་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱི་རིམ་པའི་རྩེར་སོན་འགྲན་བསྡུར་དང་དེ་བཞིན་ཞིང་ཆེན་ཕྱི་ནང་དུ་སྐད་གྲགས་ཆོད་པའི་རིག་གནས་དུས་ཆེན་ཆེ་གྲས་ཀྱི་བྱེད་སྒོ་ཐེངས་མང་སྤེལ་བས་བྱེད་སྒོ་ཆེ་གྲས་ཀྱིས་འཕེལ་རྒྱས་ཆེན་པོ་དང་དྲིལ་བསྒྲགས་ཆེ་མོ་དེ་འཇོལ་རྫོང་དུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 

        འཇོལ་རྫོང་ནི་བོད་ལྗོངས་དང་སི་ཁྲོན་གྱི་མཐའ་མཚམས་དང་འབྲེལ་ཡོད་ལ། ཡུན་ནན་དང་ཡུན་ནན་ནུབ་བྱང་རྒྱུད་ཀྱི་འཕྲེད་བཅད་རི་རྒྱུད་ཁུལ་དུ་ཡོད། ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་བརྗིད་ཉམས་ལྡན་པའི་ཁ་བ་དཀར་པོའི་མཛེས་ལྗོངས་ཡོད་རུང་།  འོན་ཀྱང་དཀའ་ཚེགས་ཆེ་བའི་འགྲིམ་འགྲུལ་གྱི་དབང་གིས་ཡུལ་སྐོར་བ་མང་བོ་ལམ་ལ་ཆས་པའི་སྤོབས་པ་མེད་པའི་གནས་སུ་ལྷུང་བ་རེད། འདི་ནི་འཇོལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མྱུར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་འགྱུར་འདུག།  དེར་བརྟེན་རིག་རྩལ་བྱེད་སྒོ་ཆེ་གྲས་སྤེལ་བ་དང་ལྷག་པར་དུ་རྒྱལ་སྤྱིའི་འགྲན་བསྡུར་ཆེ་གྲས་ནང་འདྲེན་བྱེད་པར་བརྟེན་ནས་དྲིལ་བསྒྲགས་དང་བྱེད་སྒོར་སྐུལ་འདེད་གཏོང་རྒྱུ་དེ་འཇོལ་རྫོང་གི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་རེད།            ལོ་གཅིག་སྐབས་རེའི་ཁ་བ་དཀར་པོ་ཞེས་པའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཀུན་གྱིས་རེ་སྒུལ་དང་དོ་སྣང་ཆེ་བའི་བྱེད་སྒོ་ཞིག་ཡིན་ལ།  2017ལོའི་ཟླ་7ཚེས་19ཉིན་ཨ་ཧྥེ་རི་ཁའི་སེང་ཆེན་ཁ་མེ་རོང་རྒྱལ་ཁབ་ལན་ཆིའུ་སྤོ་ལོའི་རུ་ཁག་དང་CBAཡི་ལོ་འཁོར་གྱི་ཨང་དང་པོ་ཐོབ་མཁན་སི་ཁྲོན་ཅིན་ཆང་རུ་ཁག་གི་རྩེར་སོན་འགྲན་བསྡུར་འཇོལ་རྫོང་དུ་བྱས་པ་རེད། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་འགྲན་བསྡུར་ཞིག་ནི་འཇོལ་རྫོང་གྱི་ངོས་ནས་བརྗོད་ན་དོན་ཆེན་ཞིག་ཡིན་ཏེ།  2018ལོའི་ཟླ་6པར་སྨན་རི་བུམ་པ་རྟགས་མའི་རྒྱལ་ཁབ་བཞིའི་ཆེད་ལས་ལག་རྩེད་སྤོ་ལོའི་འགྲན་རྩོད་འགྲན་བསྡུར་དེ་འཇོལ་རྫོང་དུ་གཉེར་ཞིང་། ཀྲུང་གོའི་འབྲིང་རིམ་ལས་རིགས་ལག་རྩེད་སྤོ་ལོའི་རུ་ཁག་ཅི་ལིན་བྱང་ཤར་སྟག་རུ་ཁག་དང་། ཨ་རིའི་SMAམིང་ཤིང་རུ་ཁགལི་ཐའོ་ཝན་BCཡིའུ་ན་ཝ་རུ་ཁགསི་ཕེན་པ་ལུང་སའེ་སི་ཐུའོ་རུ་ཁག་བཅས་རྒྱལ་ཁབ་བཞིའི་ཆེད་ལས་ལག་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་ལག་རྩེད་སྤོ་ལོའི་རུ་ཁག་གིས་འཇོལ་རྫོང་དུ་ཉིན་གསུམ་བསྟུད་མར་འགྲན་བསྡུར་ཐེངས་དྲུག་བྱས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་མིག་གི་ལོངས་སྤྱོད་ཆེན་པོ་ཞིག་ཏུ་གྱུར་བ་རེད།                    བསྟུད་མར་ལོ་དྲུག་ལ་ཁ་བ་དཀར་པོའི་བཟོད་ནུས་རྐང་བགྲོད་འགྲན་བསྡུར་སྤེལ་ཞིང་། ལོ་རེའི་དབྱར་ཁ་འཇོལ་རྫོང་ནས་དུས་ལྟར་སྤེལ་བཞིན་ཡོད་པ་རེད། ཟླ་7ཚེས་18ཉིན་འཇོལ་རྗོང་ཁ་བ་དཀར་པོ་དེ་རྒྱལ་ཁབ་ཀྱི་ལུས་རྩལ་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གསར་འཛུགས་ལས་ཁུངས་སུ་གཏན་འཁེལ་བྱས་ཤིང་། ལོ་དེར། བློ་མཐུན་ཀྲང་ཞུང་ཀོང་ལ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་2013ལོ་ནས་2016ལོ་བར་རྒྱལ་ཡོངས་མངོན་ཐོན་མང་ཚོགས་ལུས་རྩལ་པའི་གཟེངས་རྟགས་བསྩལ་བ་རེད།

        2018ལོར། འཇོལ་རྫོང་གིས་སེམས་ཀྱི་ཉི་ཟླའི་ཁ་བ་དཀར་པོའི་འཇོལ་གཞས་དུས་ཆེན་སྐབས་དང་པོའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། སྨྱན་སྦྱོར་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཅིང་འཇོལ་རྫོང་གི་དྲིལ་བསྒྲགས་ལ་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། འཇོལ་རྫོང་གིས་ད་དུང་སྔར་མེད་གསར་གཏོད་ཀྱི་བྱེད་སྒོ་སྤེལ་རིང་ཚོང་འགུག་མ་འདྲེན་དང་ཚོང་དོན་བྱེད་སྒོ་སྤེལ་ཞིང་། ས་ཁུལ་ཁག་དང་མི་རིགས་ཁག་གི་ཁྱད་ལྡན་ཐོན་རྫས་འཇོལ་རྫོང་དུ་འཁོར་རྒྱུག་བརྗེ་རེས་དང་ཁྱབ་སྤེལ་སྐུལ་འདེད་བཏང་བ་རེད། བྱེད་སྒོའི་གོ་སྐབས་དང་བསྟུན་ནས་ཚོང་འགུག་མ་འདྲེན་ཧུར་ཐག་བྱེད་པ་དང་། མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ་གཉེར་བ། རྣམ་གྲངས་གན་རྒྱ་འཇོག་པ་བཅས་བྱས་ཤིང་། འཇོལ་གཞས་དུས་ཆེན་ནི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པ་མ་ཟད། མཛེས་སྡུག་ལྡན་པའི་འཇོལ་རྫོང་གི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་ཟམ་གལ་ཆེན་ཞིག་ཏུའང་གྱུར་ཡོདཔ་རེད།