ཀན་ལྷོ་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ་5.7བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-29   རྩོམ་ཁུངས།   

        ཟླ་10ཚེས་28ཉིན། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་གསལ། ཚེས་28ཉིན་གྱི་ཞོགས་པའི་ཆུ་ཚོད་1དང་སྐར་མ་56ཐོག ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་དུ་ས་ཡོམ་རིམ་པ་5.7བྱུང་འདུག ཐོ་རེངས་ཆུ་ཚོད་4:00བར། མི་ཤི་རྨས་དང་ཁང་པ་རྡིབ་པའི་གནས་ཚུལ་འབྱོར་མི་འདུག 

        འཕྲལ་བསྟུན་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། གནས་ཚུལ་འབྱོར་རྗེས་སུ། འཕྲལ་བསྟུན་དོ་དམ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཧོང་མིང་དང་། པུའུ་ཀྲང་གཞོན་པ་ཀྲེན་ཀུའོ་ཀོང་གཉིས་མགྱོགས་པོར་མཛུབ་སྟོན་ལྟེ་གནས་སུ་ཡོང་ནས། བརྙན་ལམ་ནས་ཀྲུང་གོའི་ས་ཡོམ་ཅུས་དང་། ཀན་སུའུ་འཕྲལ་བསྟུན་ཐིང་། ས་ཡོམ་ཅུས། མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་བཅས་ལ་འབྲེལ་གཏུགས་བྱས་པ་དང་། ཀན་ལྷོ་ཁུལ་བསང་ཆུ་རྫོང་གི་འགན་འཁུར་བར་ཁ་པར་བཏང་ནས། ཡུལ་དངོས་ཀྱི་གནས་ཚུལ་བཀོད་སྒྲིག་དང་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱས། ནུས་ཤུགས་ཡོད་ཚད་ཀྱིས་རོགས་སྐྱོར་བཀོད་སྒྲིག་བྱས་པ་དང་། དུས་ཐོག་ཏུ་གནོད་འཚེ་རོགས་སྐྱོར་དངོས་རིགས་བཀོད་སྒྲིག་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས། ས་ཡོམ་གནས་ཚུལ་རྟོག་ཞིབ་དང་འགྲོ་ཕྱོགས་ཞིབ་འཇུག་བརྡར་གཅོད་ཀྱི་ལས་དོན་ཤུགས་སྣོན་བྱས་པ་རེད།