གཟི་ཚ་སྡེ་དགུའི་ཡིད་འོངས་སྟོན་ཉམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-25   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་9ཚེས་27ཉིན། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་དུ་ཡོམ་རྗེས་བསྐྱར་བསྐྲུན་ལོ་གཉིས་ལ་བྱས་རྗེས། མཛེས་ལྗོངས་ཁུལ་ཁ་ཤས་སླར་ཡང་ཕྱི་ཕྱོགས་ལ་སྒོ་ཕྱེས་ཡོད། སྟོན་གཞུང་ནི་སི་ཁྲོན་གྱི་སྟོན་ལྗོངས་ལ་གཟིགས་པའི་དུས་ཡག་ཤོས་ཡིན་ལ། སི་ཁྲོན་ཤར་ཕྱོགས་དང་ལྷག་ཏུ་གཟི་ཚ་སྡེ་དགུ་ནི་ཡུལ་སྐོར་བ་དང་པར་བ་དག་གི་མིག་ལམ་དུ་སྡོང་ལོ་དམར་པོ་ལྟ་སའི་ཞིང་ཁམས་དེར་གྱུར་ཡོད།      སྟོན་ཁ་ནི་གཟི་ཚ་སྡེ་དགུའི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་ཡིན་ཞིང་། ཚོན་མདོག་སྣ་ལྔ་བཀྲ་བའི་སྡོང་ལོ་དམར་པོའི་གྲུབ་གཟུགས། དྭངས་གསལ་མཚོ་མོར་ཤར་བའི་ཚོན་མདོག་གི་ནགས་ཚལ་ཕན་ཚུན་བསྣོལ་མར་ཡོད་པ་ནི་བྱིས་སྒྲུང་གི་འཇིག་རྟེན་ཞིག་དང་གཉིས་སུ་མ་མཆིས།