ནོར་ནག་གསོ་སྤེལ་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སྟོན་མཇུག་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཨ་ལ་མགོ་གྲོང་ཚོའི་ཞིང་བའི་གདོང་ན་ལོ་ལེགས་བྱུང་ཡོད་པའི་དགའ་སྤྲོའི་འཛུམ་གྱིས་ཁེངས་ཡོད།  གྲོང་ཚོ་འདི་སན་པ་ཤང་སྲིད་གཞུང་གི་བྱང་ཕྱོགས་སུ་ཡོད་ལ།ཁོངས་གཏོགས་སུ་གྲོང་མི་ཚོ་ཆུང་7དང་དུད་ཚང་655།  མི་གྲངས་1864ཡོད།  འདིར་བོད་རིགས་དང་ཧུའེ་རིགས། དབྱི་རིགས་སོགས་ཡོད་དེ་གྲངས་ཉུང་མི་རིགས་ཀྱི་འདུས་སྡོད་ས་ཁུལ་ཞིག་ཡིན་ཞིང་།ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་པས་ས་མཐོའི་ཁྱད་ཆོས་དང་། ལྗང་མདོག་དང་སྣོད་བཅུད་བཅས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུར་འཚམ་པོ་ཡོད།

    2014ལོའི་ཟླ་6པར་ལུང་ཞའོ་ཧྥུང་གིས་གོ་སྐབས་དང་བསྟུན་ནས་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་ལུང་ཧྥུང་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ཤིང་ཁྱིམ་བདག་གི་ལེགས་ཆའི་ཐོན་ཁུངས་སྤྱད་དེ་འབྲི་གཡག་གི་ཐོན་ལས་གཏོད་པའི་སེམས་ཐག་བཅད་ལ།2018ལོའི་ཟླ་11པར་དངོས་སུ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས།

  

  ལུང་ཞའོ་ཧྥུང་གིས་2018ལོའི་ཟླ་10ཚེས་14ཉིན་ནས་བཟུང་།ཀུང་སིས་ཞིང་བའི་ལག་ནས་གཟན་རྩྭ་བསྡུ་བའི་འགོ་བརྩམས་པ་ཡིན་ལ།2018ལོར་ཀུང་སིས་གསོག་འཇོག་བྱས་པའི་གཟན་རྩྭ་ཏུན་6000ལྷག་ཙམ་ཉོ་སྒྲུབ་བྱས་ཤིང་མ་དངུལ་སྒོར་ཁྲི་300ལྷག་ཙམ་བཏང་ཞིང་དུད་ཁྱིམ་1560ལ་སྐུལ་ཁྲིད་བྱས་ལ། དེའི་ཁྲོད་དབུལ་ཕོངས་དུད་ཁྱིམ་912ཡོད། ཡོང་འབབ་དམའ་ཤོས་ཀྱི་དུད་ཁྱིམ་ལའང་སྒོར་4000ཡན་ཟིན་ཡོད་པ་རེད། ལོ་འདིར་དུད་ཁྱིམ་ལ་རིན་མི་དགོས་པར་ཡུག་པོ་དང་ས་བོན་མུའུ་2500ལྷག་ཙམ་སྤྲད་པ་དང་སྔོན་དཔག་བྱས་ན་ཏུན་15000ཉོ་སྒྲུབ་བྱས་ནས་ཞིང་དུད་མང་པོར་སྐུལ་ཁྲིད་ཐུབ་པ་དང་ཐད་ཀར་ཕན་པ་ཐོབ་པའི་ཞིང་དུད་2600ཙམ་ཟིན་ཡོད། ན་ནིང་ནས་བཟུང་འཁོར་རྒྱུག་བཤས་གཏོང་གི་བྱ་ཐབས་བརྒྱུད་ནས་འབྲི་གཡག་མགོ་གྲངས་3160བཤས་གཏོང་བྱས་ཡོད་ཅེས་བཤད། 

    ཀུང་སི་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ས་ཞིང་བརྒྱུད་བཤུག་དང་། ལས་ཀ་གཉེར་བ།ཉོ་སྒྲུབ་བཅས་ཀྱི་མངགས་ཐོ་གཞོན་ནུའི་གསོག་འཇོག་གཟན་ཆས། ཕྱིར་བསྡུ་བྱས་པའི་བ་གླང་། ཚབ་གསོ་བཅས་མཉམ་ལས་བྱེད་སྟངས་ལྔ་སྤྱད་པས་ཞིང་པར་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཡུལ་གྲུབ་ཡོད།འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཀུང་སིས་ལེགས་ཆ་དང་ཁྱད་ཆོས་དམིགས་བསལ་ལྡན་པའི་སེམས་ཀྱི་ཉི་ཟླའི་ས་མཐོའི་ནོར་ནག་གི་སྤུས་རྟགས་དེ་དམ་པོར་བཟུང་སྟེ་བྱང་ཤར་ས་ཁུལ་ནས་ས་ཞིང་མུའུ་2500བརྒྱུད་བཤུག་ནང་འདྲེན་བྱས་ནས་གཟན་རྩྭ་མུའུ་2500འདེབས་འཛུགས་དང་།  གཟན་རྩྭ་མཉམ་གསོག(གཟན་རྩྭ་མཉམ་བཙོག)ཕན་ཆ་ལྡན་པའི་ངང་ཡོང་འབབ་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ།ཀུང་སིས་མཚོ་སྔོན་ནས་འབྲི་གཡག་རྒྱུད་སྲུང་སྐྱེ་འཕེལ་དང་བཤས་ཕྱུགས་འཁྱགས་སྒྱུར་སོགས་སྔོན་ཐོན་ལག་རྩལ་སློབ་སྦྱོང་དང་ནང་འདྲེན་བྱས་ནས་གསོ་སྤེལ་དུས་འཁོར་ཐུང་དུ་བཏང་ཡོད།མཉམ་ལས་བྱེད་སྟངས་སྣ་མང་བརྒྱུད་ཞིང་དུད་ལ་ཉེན་ཁ་མི་ཕོག་པར་གཉིས་ཕན་གྱི་རྣམ་པ་ཞིག་ཆགས་ཡོད།ཚགས་ཤ་བདེ་འཇགས་ཐད་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་མ་ལག་ལག་ལེན་བསྟར་ནས་ལྷུ་ཚིགས་ཁག་ལ་དམ་འཛིན་ནན་པོ་བྱས་པས་རྒྱ་ཆེའི་འཛད་སྤྱོད་པའི་ཡིད་ཆེས་ཐོབ་པ་བྱས།

    ད་ཆ་ང་ཚོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རུ་གླ་གཏོང་དུ་སྐྱོད་མི་དགོས་པས་ཕྱུག་པོ་ཆགས་སོང་ཞེས་ད་ལོ་60ལ་སླེབས་པའི་བོད་རིགས་གྲོང་མི་སུང་ཧྲུའུ་མིང་གིས་འདིར་ལྟར་དགའ་སྤྲོའི་ངང་མི་ཚོགས་ཁྲོད་དགའ་འབོད་བྱས་པ་རེད།ཁོང་གིས་སྔོན་ཆད་ཉིན་ལྟར་ཕྱིར་གླ་པ་བྱེད་པར་འགྲོ་གི་ཡོད་ལ་ཡོང་འབབ་ཀྱང་དམའ་པོ་ཡོད།གནད་སྨིན་དབུལ་སྐྱོར་བྱེད་འགོ་ཚུགས་པ་ནས་བཟུང་ཁྱིམ་དུ་འབྲི་གཡག་གསོས་པ་དང་ད་ཆ་ཁྱིམ་དུ་ར་མ་100ལྷག་ཙམ་གསོས་ཡོད། ད་ལོ་ངེད་ཚང་གིས་གཟན་རྩྭ་མུའུ་5ལྷག་བཏབས་ཡོད་ལ།        སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི་2ཡས་མས་ཡོད་སྲིད་ཞེས་བཤད།

       མུ་ཀྲེང་ལིན་ནི་ཞའོ་དབྱང་ཁྲང་གྲོང་ཚོའི་ཏང་ཡོན་རྒན་གྲས་ཤིག་ཡིན་པ་དང་ད་སྔ་གྲོང་ཚོའི་ལས་བྱེད་པ་ཞིག་རེད།ད་ལོར་ཁོང་གི་ཁྱིམ་དུ་གཟན་རྩྭ་མུའུ་4བཏབས་ཡོད་དེ་ཡོང་འབབ་སྒོར་ཁྲི་1ཙམ་བྱུང་ཡོད་ལ། ཁོང་གིས་འཚོ་སྐྱོང་གིས་གྲོང་ཚོར་རེ་བ་སྦྱིན་ཡོད། སྔོན་ཆད་ཚང་མས་སོག་མ་ཞིང་ནང་དུ་མེར་བསྲེགས་པ་དང་།ཁྱིམ་ཚང་ཚང་མས་སྨན་རྩྭ་བཏབས་ཀྱང་ཡོང་འབབ་ཧ་ཅང་ཉུང་ཉུང་ཡིན། ད་ཆ་ཀུང་སིས་བཏབ་པའི་ས་བོན་ཧ་ཅང་ཡག་པོ་ཡོད་ལ།ལོ་ཏོག་གི་རྒྱ་གྲངས་འཕར་སྣོན་ཆེན་པོ་བྱུང་ཡོད་དེ། སྔོན་ཆད་ཀྱི་མུའུ་རེའི་ཡོང་འབབ་ལས་ལྡབ་བཞི་ལྔ་འཕར་ཡོད།སང་ལོར་ང་ཚོས་ད་དུང་འདེབས་ཁྱོན་མང་དུ་གཏོང་རྩིས་ཡོད་ཅེས་བཤད་པ་རེད།

    ད་ལོར་ཀུང་སིས་མངགས་ཐོའི་ཞིང་ལས་བྱེད་སྟངས་སྤྱད་དེ་དུད་ཚང་རེར་གཟན་རྩྭ་མུའུ་2500ཡི་ས་བོན་སྤྲད་པ་དང་ཏུན་རེར་གཏིང་སྲུང་སྒོར་400སྤྲད་པ་ལྟར་མུའུ་རེའི་ཐོན་ཚད་ཏུན་8ཡིན་པ་དང་སྔོན་དཔག་བྱས་ན་མུའུ་རེར་ཡོང་འབབ་སྒོར་3200ཡོང་རྒྱུ་ཡིན།