རང་ཁུལ་2019ལོའི་ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་ཚོགས་འདུར་ཞུཊ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས17ཉིན་ནས་ཚེས20ཉིན་བར།ཧྲང་ཧའེ་གྲོང་ཁྱེར་གྱིས་2019ལོའི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་སྤེལ་ནས།གཅིག་སྡུད་ཐོག་ཟོག་ཚོང་འགྲེམས་སྟོན་དང་། ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཐོན་རྫས་འོས་སྦྱོར་བྱས་པ་རེད། ཧྲང་ཧའེ་མཉམ་ལས་སྤེལ་རེས་གཞུང་དོན་ཁང་གི་གདན་ཞུས་ལྟར་བདེ་ཆེན་ཁུལ་ཚོང་དོན་ཅུས་ཀྱིས་ཁུལ་ནང་ཁུལ་གྱི་ཁེ་ལས་11སྒྲིག་འཛུགས་བྱས་ནས་འགྲེམས་ཚོང་ནང་ཞུགས་པ་རེད།འགྲེམས་ཚོང་ཐོག་ཚགས་ཤ་དང་། ཉི་ཤར་གྱི་བྱ་ཤ། བེ་ཤ། འབའ་ལུང་གི་ཞོག་ཁོག སྟར་བུའི་སྣུམ། ས་མཐོའི་ལི་གྲོ། དེ་མིན་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་སྤུས་ལེགས་དང་ཁྱད་ལྡན་ཐོན་རྫས་རིགས་26གི་སྣ་ཁ་146ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།འགྲེམས་སྟོན་གྱི་ཉིན་འདིར།བདེ་ཆེན་འགྲེམས་ཁུལ་གྱི་བྲིན་ཚོང་དེ་སྒོར་ཁྲི་7ལྷག་ཙམ་ཟིན་པ་དང་འདོད་མཐུན་རང་བཞིན་གྱི་གྲོས་མཐུན་11བཞག་པ་རེད།