སུམ་རྩེན་གླིང་གིས་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་རྒན་གསོ་ཁང་དུ་བྱམས་བརྩེ་བསྐྱལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ10པའི་ཚེས22ཉིན་གྱི་སྔ་དྲོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཁ་གསར་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རུ་སྣེ་འཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་རྒན་གསོ་ཁང་དུ་བྱམས་བརྩེའི་ཞལ་འདེབས་འབུལ་བར་བསྐྱོད་པ་རེད།

    རྒྱུས་ལོན་བྱུང་བ་ལྟར་ན།ཟླ9པའི་ཚེས28ཉིན།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་།རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་སྔར་ལས་ལྷག་པར་གཏོང་བ།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་ཤུགས་ཆེན་བཅས་བྱ་ཆེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་མ་ལག་གིས《བདེ་ཆེན་ཁུལ་གྱི་ཆོས་ལུགས་ལས་རིགས་ཀྱིས་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི“རྒྱལ་གཅེས་ཆོས་གཅེས་དང་། སེམས་མཐུན་མཉམ་སྐྱོད། ཀྲུང་གོའི་ཕུགས་འདུན་མཉམ་གཏོད”ཅེས་པའི་བྱེད་སྒོ་རབ་དང་རིམ་པའི་ལག་བསྟར་ཇུས་གཞི》ཡི་འབྲེལ་ཡོད་ལས་ཀའི་བླང་བྱ་གཞིར་བཟུང་།བོད་བརྒྱུད་ནང་བསྟན་གྱི་མཚོན་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་རྒྱལ་ཐང་གྲོང་རྡལ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་སྨོན་འདུན་ཞུ་བའི་བྱེད་སྒོ་སྤེལ་བ་རེད། སྒྲོག་འགྲེལ་བྱེད་སྐབས་ཁ་གསར་སྤྲུལ་སྐུ་ཡིས་ཀྲུང་ཧྭ་མི་རིགས་ནི་རླབས་ཆེན་གྱི་མི་རིགས་ཤིག་ཡིན་པ་དང་།རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ནི་ང་ཚོའི་མི་རིགས་འདིའི་མེ་ཏོག་མཛེས་ཤོས་དེ་ཡིན་ཞེས་ནན་བཤད་གནང་།རྒྱལ་གཅེས་རིང་ལུགས་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་འོད་སྟོང་འབར་བའི་དར་ཆ་ཞིག་ཡིན་པ་དང་།རྒྱལ་གཅེས་ཆོས་གཅེས་ནི་ང་ཚོ་ནང་བསྟན་དད་ལྡན་པའི་བླ་ན་མེད་པའི་འགན་འཁྲི་ཞིག་རེད།ཀྲུང་གོའི་སྤྱི་དམངས་དང་ནང་བསྟན་གྱི་དད་ལྡན་པ་དཀྱུས་མ་ཞིག་ཡིན་པའི་ངོས་ནས་ང་ཚོས་མེས་རྒྱལ་ལ་སྨོན་འདུན་ཞུ།ང་ཚོས་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མེས་རྒྱལ་དང་རྒྱལ་ཁབ་བདེ་སྐྱིད་ཡོང་ཆེད་རང་ནུས་གང་ཡོད་འབུལ་དགོས་པ་དང་།སྔར་ལས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་དགོས་ཞེས་གསུང་བ་རེད། 

    ཐེངས་འདིའི་སྒྲོག་འགྲེལ་རིང་།དད་ལྡན་མང་ཚོགས་ཀྱིས་ཁྱོན་བསྡོམས་སྒོར་65906ཞལ་འདེབས་འབུལ་བ་རེད། ཞལ་འདེབས་ཀྱི་དངུལ་འབྱོར་རྗེས་མཁར་གསར་སྤྲུལ་སྐུ་ཡིས་འཕྲལ་དུ་གྲོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་འབྲེལ་གཏུག་བྱས་ཏེ་ཞལ་འདེབས་ཀྱི་དངུལ་ཚང་མ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད། ཚེས་22ཉིན་མཁར་གསར་སྤྲུལ་སྐུ་དང་བཅས་པ་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་རྒན་གསོ་ཁང་དུ་ཕྲུ་གུ་ཚོ་དང་མི་ཧྲེང་རྒན་རྒོན་ལ་གཟིགས་པ་དང་འབྲེལ་སློབ་གྲྭར་གཅེས་སེམས་དངུལ་སྒོར་45906ཞལ་འདེབས་ཕུལ་བ་དང་རྒན་གསོ་ཁང་ལ་གཅེས་སེམས་དངུལ་སྒོར་20000ཞལ་འདེབས་འབུལ་བ་རེད།