མཚོ་མོ་ངང་ལག་རིང་མོའི་ངོགས་ཀྱི་དམངས་སྲོལ་དུས་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-22   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

    ཉིན་ཤས་གོང་། རུ་ཐོག་རྫོང་གི་ཞིང་འབྲོག་པའི་ལོ་ལེགས་དུས་ཆེན་སྐབས་གཉིས་པ་དང་མཚོ་མོ་ངང་ལག་རིང་མོའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པའི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་བདེ་བླག་ངང་འགོ་ཚུགས་པ་རེད། འགྲན་བསྡུར་རྣམ་གྲངས་ནང་རྟ་རྒྱུག་དང་རྟ་ཐོག་ནས་ཁ་བཏགས་སྒྲུག་པ་སོགས་ཡོད་པ་དང་། འགྲན་ཞུགས་བདམས་ཐོན་པ་ཚོས་དཔའ་ཉམས་ཆེན་པོས་རུ་ཐོག་མང་ཚོགས་ཀྱི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ནས་ལྟད་མོ་བར་ལུས་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཤིང་། འདི་ནི་འགྲན་ཞུགས་བདམས་ཐོན་པས་རྟ་ཐོག་མདའ་འཕེན་བཞིན་པ།