གསེར་མདོག་གི་སྟོན་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྤྲིན་དཀར་གྱི་ཚོམས་བུ་སྟོན་རླུང་གི་དབྱངས་འགྲོས་ཀྱིས་བཏེགས་ཤིང་། རྩྭ་རྩེར་ལྷུང་བའི་ཟིལ་བ་དག་ཀྱང་ཉི་མའི་འོད་ཟེར་གྱི་སྒུལ་དུས། བྱ་གླག་ཅིག་གི་གཤོག་ཟུང་བརྐྱང་པ་ལྟ་བུའི་མུ་ཁྱུད་ཀྱི་རི་བོ་དག་གི་མདོག་ནི་སེར་པོ་ཤས་ཆེ་ཞིང་།ན་སྤང་དང་རི་མགོ། དེའུ་འབུར་དང་སྤང་ཐང་།གྲོག་རོང་དང་ཆུ་འགྲམ་སོགས་ནི་མདོག་གློ་སྐྱ་དང་ངང་སེར། ལྗང་ཁུ། དམར་སྨུག་སོགས་ཁ་མདོག་སྣ་ཚོགས་ཀྱིས་གྲུབ་པའི་པུར་གྱི་རྩལ་ལས་འཁྲུངས་པའི་ཐང་ག་ཞིག་དང་ཨ་ན་མ་ན་རེད།དེ་བས་མི་དག་སྟོན་ཁའི་མཛེས་ལྗོངས་ལ་མོས་ཤིང་ལོངས་སྤྱོད་ལ་མགུ།

རྫོང་པ་ནགས་ལྕོག་རི་བོའི་སྟོན་ཉམས།

        སྟོན་ཁ་ནི་རེ་འབྲས་ཀྱི་རྨི་ལམ་དོན་ཐོག་ཏུ་འཁྱོལ་བའི་ཕུན་སུམ་ཚོགས་པའི་དུས་ཚིགས་ཤིག་ཡིན་པས།མི་ཐམས་ཅད་སྟོན་ཁ་ལ་དགའ་ཞིང་།སྟོན་ཁའི་ཞིང་ཚིགས་ཀྱི་ལོ་ལེགས་དང་།ཕྱུག་ཟོག་གི་ཤ་ཤེད་ལ་དགའ་བར་མ་ཟད། གསེར་གྱི་ཞུན་མ་བྱུགས་པ་ལྟ་བུའི་རྩྭ་ཐང་ལ་དེ་བས་ཀྱང་དགའ་ཞིང་དུངས།

གླེགས་བམ་གྱི་སྟོན་ལྗོངས།

        སྟོན་གྱི་དཔལ་མོས་གོམས་སྟབས་ཀྱི་འཁྱུག་འགྲོས་རེ་རེ།རི་བོ་མགུལ་དང་ཆུ་བོའི་ངོགས།རྩྭ་ཐང་ངོས་སོགས་ཕྱོགས་སོ་སོར་བསྒྱུར་སྟབས་།རྩྭ་ཐང་ནི་མཛེས་སྡུག་སྟོང་གི་གཟི་དཔལ་གཅིག་ཏུ་བསྡུས་པ་ལྟ་བུར་ཇི་འདྲའི་མཛེས་ཨང་།