ཕྱག་ཕྲེང་གི་བོད་ཁང་དཀར་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-18   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

    

    མི་ཁ་ཤས་ཀྱིས་ཕྱག་ཕྲེང་ཞེས་པའི་མིང་དེ་ཐོབ་པའི་རྒྱུ་མཚན་ནི། ཕྱག་ཕྲེང་ཁོངས་སུ་གནས་པའི་ཤོར་ཆུ་དང་དམར་ཆུ། བདེ་ཆུ་བཅས་ཀྱི་ངོགས་གཉིས་ཀྱི་བོད་ཁང་དཀར་པོ་ནི་ས་ལ་ཐོར་བའི་ཕྲེང་བ་དང་འདྲ་ལ། དེ་དར་སྐུད་ལྟ་བུའི་ཆུ་བོ་གསུམ་གྱིས་ཕན་ཚུན་སྦྲེལ་པས། བྱང་ཆུབ་སེམས་དཔའི་ཕྱག་གི་ཕྲེང་བ་དང་མཚུངས་པས་སོ་ཞེས་བཤད་པ་རེད། 

     ཕྱག་ཕྲེང་གི་བོད་ཁང་དཀར་པོ་ཡིན་པའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། དམངས་ཁྲོད་དུ་ངག་རྒྱུན་སྙན་མོ་མང་པོ་ཡོད་ཀྱང་ལོ་རྒྱུས་ཐོག་ཁུངས་འཚོལ་ར་སྤྲོད་བྱེད་ཐབས་བྲལ། ཡིན་ནའང་བོད་ཁང་དཀར་པོ་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད་དེ། ལ་ལས་དེ་ནི་སྤྲིན་དཀར་གྱི་ཁ་དོག་ཡིན་ལ། མི་ཡུལ་དུ་ལྷུང་པའི་སྤྲིན་པ་རེད་ཅེས་བཤད་པ་དང་། ལ་ལས་དེ་ནི་ཁ་བཏགས་ཀྱི་ཁ་དོག་ཡིན་ལ། དེས་དྲི་མེད་དྭངས་གཙང་མཚོན་གྱི་ཡོད་ཅེས་བརྗོད། ཡང་ལ་ལས་ས་དེར་སྤྱན་རས་གཟིགས་ཀྱི་བྱིན་གྱིས་བརླབས་མྱོང་བས། དེ་ནི་སྤྱན་རས་གཟིགས་ཀྱིས་ཕྱག་ཕྲེང་བར་གནང་བའི་བཀྲ་ཤིས་པའི་གཡང་རྟགས་རེད་ཅེས་ཀྱང་ཟེར། 

     ཕྱག་ཕྲེང་གི་བོད་ཁང་དཀར་པོ་ནི་ས་བབ་དང་བསྟུན་ནས་བསྐྲུན་ཞིང་ས་ཞིང་དང་མཉམ་དུ་གནས་ཡོད། བོད་ཁང་དཀར་པོ་ཡོད་སར་ས་ཞིང་ཡོད་ངེས་ལ། ས་ཞིང་ཡོད་སར་བོད་ཁང་དཀར་པོ་ཡོད་ངེས་པས། ས་ཞིང་དང་བོད་ཁང་དཀར་པོ་གཞི་གཅིག་ཏུ་འདྲེས་པ་དེ་ཕྱག་ཕྲེང་གི་མིང་བྱང་ཞིག་ཏུ་གྱུར་ཡོད། ཕྱག་ཕྲེང་གི་བོད་ཁང་དཀར་པོ་ནི་མིས་བསྐྲུན་པ་དང་མི་འདྲ་བར། ས་ནས་སྐྱེས་ཡོང་པ་དང་འདྲ་ལ། ཁང་པས་ས་ཞིང་ལ་ཚོན་མདོག་བསྣན་ཞིང། ས་ཞིང་གིས་ཁང་པར་གཟི་འོད་སྤྲད་ཡོད།